Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཟུར་ཚོགས་ཐོག་དབུ་བཞུགས་མཛད་རྒྱུ།

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོནཆེན་པོ་མཆོག་སུད་སི་གྲོང་ཁྱེར་ཇི་ནེ་ཝ་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཟུར་ཚོགས་ཐོག་དབུ་བཞུགས་མཛད་མཛད་རྒྱུ་རེད་འདུག
དེ་ཡང་ཟླ་འདིའི་ཚེས་ ༡༡ ཉིན་རྒྱལ་ཚོགས་ཀྱི་ཨ་རིའི་གཞུང་ཚབ་དང་ཁེ་ན་ཌའི་གཞུང་ཚབ་ཐོུང་གིས་གོ་སྒྲིག་འོག སུད་སི་གྲོང་ཁྱེར་ཇི་ནེ་ཝར་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༣༡ འཚོགས་ཀྱི་ཡོད་པ་དང་བསྟུན། ད་ལན་གྱི་ཟུར་ཚོགས་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་གཙོས། yemen རྒྱལ་ཁབ་ཀྱིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་Tawakkol མཆོག་དང་ཨི་རན་གྱི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་ Shirin Ebadi མཆོག་བཅས་ལྷན་ཞུགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་བརྗོད་གཞིའི་ཐོག་གསུང་བཤད་གནང་གི་འདུག
ད་ལན་གྱི་ཟུར་ཚོགས་དེའི་ཐོག་ལ་ཁུལ་དེའི་གཞུང་ཚབ་དང་ཕྱི་འབྲེལ་ལས་དོན་མི་སྣ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་ཕྱག་ལས་གནང་མཁན་དང་སློབ་ཕྲུག་བཅས་མཉམ་ཞུགས་གནང་གི་ཡོད་འདུག
ཤེས་རྟོགས་བྱུང་བར་གཞིགས་ན། ༸གོང་ས་མཆོག་ཕྱི་ཚེས་ ༡༠ ཉིན་ཨ་རི་ནས་ཕེབས་ཐོན་གྱིས་སུད་སིར་ཞབས་སོར་བདེ་བར་འཁོད་ཀྱི་འདུག་པ་དང་། ཁུལ་དེའི་ནང་ཉིན་གཅིག་རིང་གི་མཛད་འཆར་ཁག་ལེགས་གྲུབ་ཟིན་རྗེས་ཕྱི་ཚེས་ ༡༢ ཉིན་རྒྱ་གར་ལ་ཚུར་ཕེབས་ཐོན་མཛད་ཀྱི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།