Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་རྒྱ་གཞུང་ནས་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར་རྒྱལ་ཚོགས་ཀྱི་ཟུར་ཚོགས་ཐོག་དབུ་བཞུགས་མཛད་འདུག

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གཞུང་ནས་སུད་སི་གྲོང་ཁྱེར་ཇི་ནེ་ཝ་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཟུར་ཚོགས་ཐོག་དབུ་བཞུགས་མཛད་པར་སྐྱོབ་བརྗོད་དང་། ཟུར་ཚོགས་དེ་ཕྱིར་འཐེན་བྱ་དགོས་ལུགས་ཀྱི་རྒྱལ་ཚོགས་དཔོན་རིགས་ཚོར་གནོན་ཤུགས་སྤྲད་མིན་ལ་མ་ལྟོས་པར་དེ་རིང་༸གང་ཉིད་མཆོག་དབུ་བཞུགས་ཀྱིས་ཟུར་ཚོགས་ཚོགས་གནང་ཡོད་པ་རེད།
དེ་ཡང་དེ་རིང་ཟླ་ ༣ ཚེས་ ༡༡ ཉིན་རྒྱལ་ཚོགས་ཀྱི་ཨ་རིའི་གཞུང་ཚབ་དང་ཁེ་ན་ཌའི་གཞུང་ཚབ་ཐོུང་གིས་གོ་སྒྲིག་འོག་སུད་སི་གྲོང་ཁྱེར་ཇི་ནེ་ཝར་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༣༡ འཚོགས་བཞིན་པ་དང་བསྟུན། ཇི་ནེ་ཝ་ནང་རྟེན་གཞི་བྱས་པའི་ Geneva Gratude Institude ཞེས་པའི་བསྟི་གནས་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་གཙོས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་Tawakkol མཆོག་དང་ཨི་རན་གྱི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་ Shirin Ebadi མཆོག་དང་། གནད་ཡོད་མི་སྣ་ཁག་ཅིག་བཅས་ལྷན་ཞུགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་ཀྱི་གནད་དོན་ཐད་ཟུར་འཚོགས་གནང་འདུག
ད་ལན་གྱི་ཟུར་ཚོགས་དེ་བསྐོང་ཚོགས་མ་གནང་པའི་སྔ་རོལ་ཏུ་གྲོང་ཁྱེར་ཇི་ནེ་ཝ་ནང་ཡོད་པའི་རྒྱ་གཞུང་གི་སྐུ་ཚབ་ཀྱིས་རྒྱལ་ཚོགས་ཀྱི་ཚོགས་མི་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་སྐུ་ཚབ་ཚོས་ཟུར་ཚོགས་དེའི་ནང་མཉམ་ཞུགས་བྱ་རྒྱུ་མེད་པ་དང་། ལྷག་དོན་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་མི་རུང་བའི་ཉེན་བརྡ་ཞིག་བཏང་སྟེ་ངེས་པར་དུ་ཟུར་ཚོགས་ཕྱིར་འཐེན་བྱ་དགོས་པའི་གནོན་ཤུགས་སྤྲད་པའི་ཞུ་སྙན་ཞིག་ཕུལ་འདུག     དེ་ཡང་རྒྱལ་ཚོགས་ཀྱི་འབྲེལ་ཡོད་དཔོན་རིགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག དེ་ཞིན་ཁུལ་དེའི་གྲོས་ཚོགས་འཐུས་མི་རྣམས་ཀྱི་མཚན་ཐོག་ལ་ཕུལ་བའི་ཞུ་སྙན་དེའི་ནང་། རྒྱལ་ཚོགས་ཀྱི་ཟུར་ཚོགས་དེའི་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་མགྲོན་གཙོར་གདན་ཞུས་གནང་པ་དེ་ནི་རྒྱ་ནག་གི་རང་དབང་དང་ཆེ་མཐོང་འདི་བཞིན་རྒྱལ་ཚོགས་ཀྱི་གཞི་རྩའི་རྩ་ཁྲིམས་དང་དངོས་འགལ་ཡིན་པ་མ་ཟད། ཁྱད་པར་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་རྒྱལ་ཁབ་དང་ཚོགས་སྡེ་གང་ཡིན་རུང་དེའི་མིང་ཐོག་ནས་ཁ་བྲལ་གྱི་ལས་འགུལ་སྤེལ་བཞིན་པར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་འཁོད་འདུག
འདི་ག་རླུང་འཕྲིན་ཁང་གིས་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་སྤྱིར་༸གོང་ས་མཆོག་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོ་དང་མཇལ་འཕྲད་གནང་རྒྱུ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ཁག་ཏུ་མཛད་འཆར་བསྐྱངས་དང་སྐྱོང་བཞིན་པ་བཅས་ལ་རྒྱ་གཞུང་གིས་རྟག་ཏུ་འགོ་ཐབས་བྱས་དང་བྱེད་བཞིན་པ་དེ་དག་ནི་རྒྱུན་གཏན་གྱི་བྱ་སྤྱོད་ཞིག་ཡིན་པ་ལས་དམིགས་བསལ་གང་ཡང་མིན་པ་དང་། ལྷག་དོན་ཟུར་ཚོགས་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་ཆེ་ཞིག་ཡིན་སྟབས། དེ་ར་འགོག་ཐབས་བྱེད་ཀྱང་བསྒྲུབ་རྒྱུ་མེད་པ་རེད་ཅེས་གསུངས་སོང་།
དེ་བཞིན་རྒྱལ་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ Ahmad Fawzi མཆོག་གིས་ཀྱང་རྒྱལ་ཚོགས་ཀྱི་གྲོས་ཚོགས་འཐུས་མི་རྣམ་པའི་བཀའ་བསྡུར་གནང་པ་ཐོ་བཀོད་ཙམ་ལས་དངོས་སུ་ལག་བསྟར་བྱ་དགོས་པ་ཁྱབ་ཀྱི་མེད་སྐོར་གསལ་བཤད་གནང་འདུག
ཟུར་ཚོགས་ཀྱི་ཚོགས་ཡུལ་ཇི་ནེ་ཝ་བསྟི་གནས་ཁང་དེའི་འགན་འཛིན་སྐུ་ཞབས་ Philippe Burrin ལགས་ཀྱིས་ཟུར་ཚོགས་དེའི་ཐོག་ཕྲོགས་གང་ས་ནས་གནོན་ཤུགས་སྤྲད་ཀྱི་ཡོད་མེད་ལ་མ་ལྟོས་པར་ཟུར་ཚོགས་དེ་ཕྱིར་འཐེན་གནང་གི་མི་ཅེས་གསུངས་ཡོད་པ་རེད།
གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཕྱི་དྲོ་ཚོུད་ ༧།༠༠ ཡོལ་ཙམ་ལ་སུད་སི་གྲོང་ཁྱེར་ཇི་ནེ་ཝར་ཞབས་སོར་བདེ་བར་འཁོད་མཚམས་སུ་ཨ་རིའི་གཞུང་ཚབ་དང་རྒྱ་གར་གྱི་གཞུང་ཚབ་སྐུ་གཞོན། ས་གནས་དོན་གཅོད་དང་། དེ་བཞིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཆེད་བཅར་གྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག
མཛད་འཆར་ལྟར་ན། ༸གོང་ས་མཆོག་དེ་རིང་ཉིན་རྒྱབ་ཚོད་ ༥།༠༠ ཐོག་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཟུར་ཚོགས་ཐོག་དབུ་བཞུགས་གྲུབ་རྗེས། སང་ཉིན་སྔ་དྲོ་ཁུལ་དེ་ནས་རྒྱ་གར་ཕྱོགས་སུ་ཆིབས་ཐོན་གནང་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།