Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་བོད་མི་རྣམས་ལ་རང་གི་བོད་ཀྱི་སྐད་ཡིག་ལ་སྤོབས་པ་བྱ་དགོས་པའི་བཀའ་སྩལ།

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་སུད་སི་ཇི་ནེ་2016-03-11-Geneva-woenangཝ་གྲོང་ཁྱེར་དུ་ཚོགས་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཟུར་ཚོགས་ཤིག་གི་ཐོག་དབུ་བཞུགས་མཛད་པ་མ་ཟད། ཁུལ་དེའི་སུད་སི་ས་ཕྱོགས་གང་ས་ནས་ཆེད་བཅར་ཞུས་པའི་བོད་མི་རྣམས་ལ་རང་གི་སྐད་ཡིག་ལ་སྤོབས་པ་དང་ནང་ཆོས་ལ་དད་པ་ཙམ་མ་ཡིན་པར་བསླབ་པ་སློབ་གཉེར་གནང་དགོས་པའི་དམིགསལ་བཀའ་སྩལ་གནང་འདུག
དེའང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་བསྟུན། ཁ་སང་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་ཨ་རི་དང་ཁེ་ན་ཌའི་གཞུང་ཚབ་ཆེན་མོས་གོ་སྒྲིག་འོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ2016-03-11-Geneva-G05_13ས་པའི་ནོ་སྦེལ་ཞི་བདེའི་དེད་དཔོན་གསུམ་གདན་ཞུ་ཐོག་ཟུར་ཚོགས་ཤིག་འཚོགས་གནང་ཡོད་པ་དང། རྒྱ་ནག་གཞུང་གིས་ཟུར་ཚོགས་དེའི་སྔ་རོལ་ཏུ་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་ལ་ཚོགས་འདུ་དེའི་ཐོག་ཕེབས་རྒྱུ་མེད་པ་དང་། དེ་བཞིན་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་ལ་ཚོགས་འདུ་དེ་ཕྱིར་བསྡུ་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད་ཀྱང། ཁ་སང་མགོན་པོ་༸གང་ཉིད་མཆོག་དངོས་སུ་ཟུར་ཚོགས་དེའི་ཐོག་དབུ་བཞུགས་མཛད་པ་དང་འབྲེལ། རྒྱ་གཞུང་གི་བྱེད་སྟངས་དེ་ནི་རྒྱུན་ལྡན་གྱི་བྱ་སྤྱོད་ཞིག་ལ་འགྲེལ་བརྗོད་གནང་པ་2016-03-11-Geneva-G09_43མ་ཟད། ༸གང་ཉིད་མཆོག་ཟུར་ཚོགས་དེ་ལེགས་གྲུབ་དང་བསྟུན། ཕྱི་ཕྱོགས་སུ་འདུ་འཛོམས་བྱུང་བའི་བོད་མི་རྣམས་ལ་ཚོུད་ཕྱེད་ཀ་ཙམ་གྱི་བླང་དོར་བཀའ་སློབ་སྩལ་ཡོད་པ་རེད།
༸གོང་ས་མཆོག་གིས་སྐབས་དེར་བོད་མི་རྣམས་ལ་༸གང་ཉིད་མཆོག་སུད་སི་ཆིབས་བསྒྱུར་མ་གནང་བའི་སྔ་རོལ་ཏུ་ཨ་རིའི་ Wisconsin མངའ་སྡེའི་མེ་ཌི་སོན་གྲོང་ཁྱེར་དུ་ཚན་རིག་པ་གྲགས་ཅན་ཁག་ཅིག་དང་ལྷན་ནང་པའི་ཆོས་དང་ཚན་རིག་དབར་གྱི་འབྲེལ་ལམ་དང་། ལྷག་པར་དངོས་ཁམས་རིག་པའི་སྐོར་ལ་གྲོས་བསྡུར་བྱུ2016-03-11-Geneva-woenangང་བ་སོགས་ལུང་འདྲེན་མཛད་པ་དང་འབྲེལ། བོད་མི་རྣམས་ནས་རང་གི་སྐད་ཡིག་ལ་དོ་སྣང་དང་དེར་སྤོབས་པ་བྱ་རྒྱུ་གལ་ཆེ་ཡིན་པའི་བཀའ་སྩལ་གནང་པ་མ་ཟད། དེ་མཚུངས་སུ་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་གཤིས་བརྒྱུད་རྒྱུན་འཛིན་བྱ་དགོས་གལ་ཡིན་སྐོར་བཀའ་སྩལ་གནང་འདུག    ད་དུང་མགོན་པོ་མཆོག་གིས་བོད་མི་རྣམས་ལ་ནང་ཆོས་ལ་དད་པ་ཙམ་མ་ཡིན་པར་བསླབ་པ་སློབ་གཉེར་གནང་དགོས་གལ་ཡིན་པའི་བཀའ་སྩལ་ནན་པོ་གནང་འདུག
གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཇེ་ནིཝའི་གྲོང་ཁྱེར་དུ་བོད་མི་རྣམས་ལ་བཀའ་སློབ་མ་བསྩལ་བའི་གོང་དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་གཞོན་པ་ལྕམ་སྐུ་ Kate Gilmore ལགས་ཀྱིས་གཙོ་སྐྱོང་གནང་པའི་ཟུར་ཚོགས་ཤིག་གི་ཐོག་ལ་དབུ་བཞུགས་མཛད་ཡོད་པ་དང། ཟུར2016-03-11-Geneva-G03_19་ཚོགས་དེའི་ཐོག་ལྷན་ཞུགས་བ་ཕྱི་འབྲེལ་མི་སྣ་དང་སློབ་ཕྲུག་བཅས་ལ་༸གང་ཉིད་མཆོག་གིས་འགྲོ་བ་མིའི་ཀླད་པའི་ཆ་ཤས་གཅིག་གིས་རང་བཞིན་གྱི་བསམ་བློ་འམ་ Common Sense ཞེས་པ་དེ་བསྐྲུན་གྱི་ཡོད་སྐོར་བཀའ་གནང་བ་དང་འབྲེལ། ལྟ་བ་མཁྲེགས་འཛིན་ཅན་གྱི་རྒྱ་ནག་གི་འགོ་ཁྲིད་དེ་དག་ལ་རང་བཞིན་བསམ་བློ་དེ་ཚང་གི་མེད་སྐོར་བཀའ་སྩལ་ཡང་གནང་འདུག
ཟུར་ཚོགས་དེའི་ཐོག་༸གོང་ས་མཆོག་དབུ་བཞུགས་གཙོས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་Tawakkol Karmanམཆོག་དང་ཨི་རན་གྱི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་ Shirin Ebadi མཆོག་བཅས་ལྷན་བཞུགས་གནང་ཡོད་པ་དང། ༸གང་ཉིད་མཆོག་གིས་སྐབས་དེར་མ་འོངས་པར་འཛམ་གླིང་འདི་ཞི་བདེ་དང་ལྡན་པ་ཞིག་བསྐྲུན་རྒྱུའི་འགན་གཙོ་བོ་གཞོན་སྐྱེས་ཚོར་ཡོད་སྟབས། གཞོན་སྐྱེས་དེ་དག་ལ་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་ཀྱི་སློབ་གསོ་དགོས་རྒྱུ་ནི་གལ་ཆེ་ཞིག་ཡིན་པ་ལྟར། ཤེས་ཡོན་གྱི་ལམ་ལུགས་ལ་ཛ་དྲག་གི་བཅོས་འགྱུར་དགོས་གལ་ཡིན་པ་སོགས་ཀྱི་ལམ་སྟོན་བཀའ་སྩལ་མཛད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།