Tibetan Royal Year of 2151 | Year of the Wood Dragon

༸གོང་ས་༸སྐྱབས་མགོནཆེན་པོ་མཆོག་གིས་དགའ་ལྡན་ཁྲིི་ཐོག་ཁང་ལེགས་གྲུབ་ཀྱི་དབུ་འབྱེད་རབ་གནས་མཛད་པ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀར་ནཱ་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་ནས་མ2015-12-08-Mundgod-G04_D4D5948ཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་གླིང་དུ་ཞབས་སོར་བདེ་བར་འཁོད་པ་དང།  མགོན་པོ་༸གང་ཉིད་མཆོག་གིས་དགའ་ལྡན་དགོན་པའི་བླ་སྤྱིའི་ཚོགས་ཆེན་དུ་ཆིབས་སྒྱུར་གྱིས་དགའ་ལྡན་ཁྲི་ཐོག་ཁང་གི་རྟེན་དང་བསྟན་པ་བཅས་གསར་བཞེངས་ལེགས་གྲུབ་ཀྱི་དབུ་འབྱེད་རབ་གནས་མཛད་ཡོད་པ་རེད།   སྐབས་དེར་༸གོང་ས་མཆོག་གིས་ང་ཚོ་བཙན་བྱོལ་བ་ཆགས་ནས་ད་བར་མི་ལོ་ ༥༦ སོང་བའི་རིང་ལ་ཐོག་མར་འབག་ས་ནས་བཟུང་ཆོས་སྒར་ཁག་དང། གཞིས་ཆགས་ཁག་གསར་འཛུགས་མཚོན་པའི་དཀའ་ངལ་མང་པོ་ཞིག་བརྒྱུད་དེ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་སྒོས་སུ་འཇམ་མགོན་བླ་མའི་བསྟན་པ་ཆོས་སྲིད་ཟུང་འབྲེལ་གྱི་ཐོག་ནས་ཡོང་བ་ཞིག་རེད།

ད་ལྟ་ང་ཚོའི་མི་རབས་བརྗེ་འགྲོ་གྱི་ཡོད་ཀྱང་བོད་མི་ཚོས་སོ་སོའི་ཆོས་དང་རིག་གཞུང་དེ་མུ་མཐུད་རྒྱུན་གནས་ཐུབ་ཐབས་སུ་འགན་ཁུར་ཡོད་པ་དང་དེ་ལྟར་ཡོད་པ་བཞིན་འབད་བརྩོད་རྒྱ་གང་ཆེ་གནང་གལ་ཡིན་པ་སོགས་བཀའ་སྩལ་མཛད་འདུག   ད་དུང་མགོན་པོ་༸གང་ཉིད་མཆོག་གིས་དེ་སྔ་བོད་ལ་དགའ་ལྡན་ཁྲི་ཐོག་ཁང་ཟེར་བ་ཞིག་ཡོད་ཀྱང་བཙན་བྱོལ་དུ་ད་བར་གསར་འཛུགས་ཞུ་ཐུབ་མེད་པ་རེད། ད་ནས་བཟུང་དགེ་ལུགས་སྤྱི་ལ་ཁྱབ་པའི་ཁྲིམས་སྒྲིག་ལམ་སྐྱོང་རྒྱུ་གཙོས་པའི་སངས་རྒྱས་ཀྱི་བསྟན་པ་ལམ་བསླབ་པ་གསུམ་གི་ཉམས་ལེན་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་སོགས་ལ་གཙོ་བོ་འཛིན་གནང་དགོས་པ་དང་།     དེ་བཞིན་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཚང་མས་མཉམ་རུབ་ཀྱིས་སངས་རྒྱས་བསྟན་པ་སྤྱི་ལ་སྨན་པའི་ཞབས་འདེགས་ཕྱོགས་གང་ས་ནས་བསྒྲུབ་དགོས་གལ་ཡིན་པ་བཀའ་སྩལ་འདུག    ༸གང་ཉིད་མཆོག་གིས་མུ་མཐུད་བཀའ་སྩལ་མཛད་དོན་ལ། ངོས་ཀྱིས་ཉེ་སྔོན་བཤད་པ་ལྟར་ད་ལྟ་ང་ལོ་ ༨༡ བསླེབ་ཀྱི་ཡོད་སྟབས།   དུས་ཡུན་རིང་པོ་འཚོ་ཐུབ་རྒྱུར་དཀའ་ལས་ཁག་པོ་རེད། རྩ་བའི་ང་ཚོ་བོད་ཀྱི་གནད་དོན་དེ་མི་ལོ་ ༥༦ འགོར་ཟིན་ཀྱང་། ད་དུང་ངལ་བ་མང་དག་ཞིག་གི་འོག་གནས་ཡོད་སྐོར་བཀའ་སྩལ་དང་སྦྲགས།   གཞོན་སྐྱེས་ཚོས་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱ་དགོས་པའི་བཀའ་སློབ་གནང་པ་མ་ཟད། ད་དུང་༸གོང་ས་མཆོག་གིས་ང་ཚོའི་མི་རིགས་ཀྱི་རིག་གཞུང་དང་བཅས་པ་ཆག་འཇིག་དང་གཉན་འཕྲང་གི་དུས་སུ་སླེབས་བསྡད་ཡོད་པས་དེའི་ཐད་ལ་བོད་མི་ཚོས་འབད་སྤུངས་རྒྱ་གང་ཆེ་གནང་གལ་ཡིན་པའི་བཀའ་སློབ་སྩལ་འདུག

ལྷག་དོན་མགོན་པོ་མཆོག་གིས་བོད་གཞིས་བྱེས་ལྷན་འཛོམས་ཞིག་མ་བྱུང་བར་དགེ་འདུན་འདུ་མང་ཚོས་བཤད་སྒྲུབ་ཀྱི་བསྟན་པ་འདི་ཡང་དུས་ཡུན་རིང་པོར་བསམ་བློ་བཏང་ནས་རྒྱུན་གནས་ཐུབ་ཐབས་སུ་འཛིན་སྐྱོང་སྤེལ་གསུམ་ཞུ་གལ་ཆེ་བ་དང་།   ཕྱོགས་མཚུངས་སུ་མི་སྐྱ་ཕོ་མོ་ཁྱད་མེད་ཚོས་ཀྱང་ནང་ཆོས་ལ་སློབ་གཉེར་བྱེད་དགོས་པའི་བཀའ་བརྩལ་སོགས་མཛད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།