Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་རྒྱ་ནག་ནང་ལ་ཕེབས་བསུ་ཞུ་དགོས་པ་གསུངས་པ།

Tibetan News Headlines

  • རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ Kangana Ranaut ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་སོང་།
  • སྲིད་སྐྱོང་མཆོག་གིས་ Block Quebec ཞེས་པའི་ཆབ་སྲིད་ཚོགས་པའི་དབུ་ཁྲིད་དང་མཇལ་མོལ་གནང་འདུག
  • Milton Keynes ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་ Philadelphia རུ་བོད་རང་བཙན་གྱི་ལས་འགུལ།
  • འཇར་མན་སྲིད་བློན་མཆོག་གི་ཕྱོགས་བསྐྱོད་དེ་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལ་ཚོད་ལྟ་ཞིག་ཆགས་ཀྱི་ཡོད་པ་གསུངས་འདུག
  • བལ་ཡུལ་ནས་རྒྱ་ནག་གི་དབང་ཤུགས་རྒྱ་སྐྱེད་ལ་གདོང་ལེན་ནན་པོ་བྱ་དགོས་པ་བརྗོད་འདུག
  • དཔལ་འབྱོར་ལས་ཁུངས་ཀྱིས་དཔྱ་ཁྲལ་ཆག་ཡང་ཕར་འགྱངས་ཀྱི་གསལ་བསྒྲགས་སྤེལ་འདུག

Monday 15/04/2024

  • Kangana Ranaut receives audience with the Dalai Lama
  • Sikyong Penpa discusses human rights in Tibet with leaders of Bloc Québécois, visits Boston
  • Tibetan national flag hoisted at Milton Keynes, Tibetan independence protest at Philadelphia
  • Chancellor’s Visit a Test for Berlin’s Resolve on its China Strategy: Rights group
  • Nepal sounds alarm over Chinese encroachment, calls for international intervention
  • CTA announces extension of ‘Chatrel’ exemption, urges Tibetans not to miss out the opportunity

ཕྱི་ལོ་ ༢༠༡༥ ལོའི་ཁེ་ན་ཊའི་མཛངས་མ་རྒྱ་རིགས་ཁེ་ན་ཌའི་མི་སེར་ཡིན་པ་ཨ་ནསི་ཏ་སི་ལིན་ལགས་ཀྱིས་རྒྱ་རིགས་མང་ཚོགས་ནས་དགའ་དད་སྤྲོ་གསུམ་འཁོད་པའི་ཐོག་༸གོང་ས་མཆོག་རྒྱ་ནག་ནང་ལ་ཕེབས་བསུ་ཞུ་དགོས་པ་གསུངས་ཡོད་པ་རེད།
ཁ་སང་ཟླ་ ༥ ཚེས་ ༡ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་བོད་རིགས་ལས་འགུལ་བ་ཁག་ཅིག་ཟུང་འབྲེལ་གྱིས་བཞུགས་སྒར་མེག་གྷན་དུ་རྟེན་གཞི་བྱས་པའི་ Club House ཚོགས་ཁང་དུ་རྒྱ་ནག་སྲིད་གཞུང་གི་མ་འོངས་ལས་དབང་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་གཏམ་བཤད་དང་གྲོས་བསྡུར་གྱི་ལས་རིམ་ཤིག་ཚོགས་གནང་ཡོད་པ་རེད།
ལས་དེའི་ཁྲོད་མང་ཚོགས་ཀྱི་དྲི་བ་ཞིག་གནང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་༸གང་ཉིད་མཆོག་རྒྱ་ནག་ནང་ལ་ཕེབས་རྒྱུའི་ཐུགས་འདོད་ཡོད་སྐོར་བཀའ་བསྩལ་གནང་པ་ལུང་འདྲེན་དང་སྦྲགས་ཏེ། རྒྱ་རིགས་མང་ཚོགས་ནས་མགོན་པོ་མཆོག་རྒྱ་ནག་ནང་གདན་འདྲེན་ཞུ་ཐུབ་ཀྱི་རེད་དམ་ཞེས་བཀའ་འདྲི་ཞུས་པར། ༢༠༡༥ ལོའི་ཁེ་ན་ཌའི་མཛངས་མ་ Anastasia Lin ལགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་རིགས་ཙམ་མ་ཟད་རྒྱལ་སྤྱིའི་དབུ་ཁྲིད་དང་ཞི་བདེའི་མཚོན་དོན་ཤིག་ཡིན་སྟབས། རྒྱ་རིགས་མང་ཚོགས་ཚོས་ཀྱང་རྒྱ་ནག་ནང་གི་འགྱུར་བ་ལ་གཞིགས་ཏེ་མགོན་པོ་མཆོག་རྒྱ་ནག་ནང་ལ་གདན་ཞུ་གནང་ཐུབ་ཀྱེ་རེད་ཅེས་གསུངས་ཡོད།
སྐུ་ཞབས་Yang Jianli ལགས་ཀྱིས་ཁོང་རང་ཉིད་རྒྱ་རིགས་ཤིག་ཡིན་པའི་ཆ་ནས་ད་བར་རྒྱ་ནག་སྲིད་གཞུང་གིས་བོད་མི་རྣམས་ལ་སྡུག་སྦྱོང་མནར་གཅོད་མང་དག་བཏང་པར་བློ་འགྱོད་ཆེན་པོ་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཅེས་པ་དེ་ནི་བདེན་པ་མིན་པ་དང། བོད་ཀྱི་ད་ལྟ་དང་མ་འོངས་གནད་དོན་རྣམས་ཐག་གཅོliད་གནང་རྒྱུའི་རང་དབང་དང་འགན་དབང་ཆེས་དང་པོ་དེ་བོད་མི་རིགས་ལ་ཡོད་སྐོར་གསུངས་པ་མ་ཟད། ལྷག་དོན་བོད་རྒྱའི་དཀའ་རྙོག་དེ་བཞིན་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་འོག ཞི་བདེ་དང་འཚེ་བ་མེད་པའི་ཐོག་ནས་སེལ་ཐབས་གནང་རྒྱུ་ནི་ཐབས་ལམ་བཟང་ཤོས་ཡིན་པ་གསུངས་སོང་།
ད་དུང་ཁོང་གིས་ད་ལྟའི་རྒྱ་ནག་སྲིད་གཞུང་དེ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བར་རྒྱ་ནག་ནང་མང་གཙོའི་བསམ་བློ་གོང་མཐོར་གཏོང་གལ་ཆེ་བ་མ་ཟད། བོད་ཀྱི་གནད་དོན་དེ་མ་འོངས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་བཞུགས་མ་བྱུང་པའི་དུས་སྐབས་སུ་རྒྱུན་གནས་ཐུབ་པར་མགོན་པོ་མཆོག་གིས་ཇི་ལྟར་གསོལ་སྩལ་དོན་བཞིན་མང་གཙོའི་ལམ་ལུགས་ཡང་དག་ལག་བསྟར་གནང་གལ་ཆེ་བ་སོགས་ཀྱང་གསུངས་ཡོད་པ་རེད།
གཞན་ཡང་སྐབས་དེར་རྒྱ་གཞུང་གིས་རྒྱ་ནག་ནས་རྒྱང་ཕུད་བཏང་པའི་ཧྥ་རན་སིའི་གསར་འགོད་པ་Ursula Gauthier ལགས་ནས་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡོད་པའི་རྒྱལ་སྤྱིའི་གསར་འགོད་པ་རྣམས་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་རྒྱུར་དམ་དྲག་བྱེད་བཞིན་པ་མ་ཟད། གསར་འགོད་པ་ཁག་ཅིག་བོད་ཀྱི་ས་ཁུག་ཁག་ཅིག་ཏུ་བཏང་ཡོད་ཀྱང། གསར་འགོད་པའི་ལྷན་དུ་རྒྱ་གཞུང་གི་ལས་བྱེད་ཆེད་གཏོང་གིས་གསར་འགོད་པས་རང་ཉིད་ཀྱི་འདོད་མོས་ལྟར་དངོས་ཡོད་ཀྱི་གནས་ཚུལ་མཁོ་སྒྲུབ་བྱེད་བཅུག་གི་མེད་པའི་གནས་ཚུལ་འགྲེལ་བརྗོད་ནན་པོ་གནང་ཡོད།
དེ་བཞིན་སྐུ་ཞབས་ Teng Biao ལགས་ནས་ཀྱང་རྒྱ་ནག་སྲིད་གཞུང་གིས་རྒྱ་རིགས་ཞི་བའི་ལས་འགུལ་བ་དང་ཁྲིམས་རྩོད་པ་སོགས་ཀྱི་ལས་དོན་ལ་ཚོད་འཛིན་བྱས་པ་མ་ཟད། སྔ་ལོར་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་དང་ཁྲིམས་རྩོད་པ་འཛིན་བཟུང་བྱས་པའི་གནས་ཚུལ་ཁག་གསུངས་པ་དང་སྦྲགས། ད་ལྟ་རྒྱ་ནག་ནང་འཕྲད་བཞིན་པའི་སྐོག་ཟ་རུལ་སུངས་དང་དཔལ་འབྱོར་ཉམས་རྒྱུད་ཀྱི་གནས་སྟངས་སོགས་ཀྱི་རྐྱེན་པས་རྒྱ་ནག་སྲིད་གཞུང་ལ་འགྱུར་བ་ཤུགས་ཆེ་ཞིག་ཐེབས་ངེས་ཡིན་པ་གསུངས་སོང་།
ཧོང་ཀོང་མང་གཙོའི་ལས་འགུལ་བ་ Hvot 1ang Tung Chow ལགས་ནས་ཧོང་ཀོང་མི་རིགས་རྣམས་ཀྱང་རྒྱ་ནག་དབང་ཆ་གཅིག་བསྡུས་ཀྱིས་སྲིད་གཞུང་འོག་སྐྱབས་བཅོལ་དུ་གྱར་བའི་མི་རིགས་ཤིག་ཡིན་པའི་ལོ་རྒྱུས་ངོ་སྤྲོད་དང་སྦྲགས། ཧོང་ཀོང་དང་བོད། དེ་བཞིན་ཤིང་ཅང་སོགས་རྒྱ་ནག་སྲིད་གཞུང་ལ་ཁ་གཏད་བཅོག་མཁན་རྣམས་ནས་ཟུང་འབྲེལ་གྱིས་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། འཐབ་རྩོད་རྒྱུན་སྐྱོང་ཡོང་བར་གཞོན་སྐྱེས་ཚོས་མཉམ་ཞུགས་གནང་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་ཡོད་པ་རེད།
གཞི་རྩའི་ལས་རིམ་དེའི་ཐོག་ཕྱི་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་བ་སྐུ་ཞབས་Yang Jianli ལགས་དང་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་སྐུ་ཞབས་Teng Biaoལགས། རྒྱ་ནག་གཞུང་གིས་རྒྱ་ནག་ནས་རྒྱང་ཕུད་བཏང་པའི་ཧྥ་རན་སིའི་གསར་འགོད་པ་Ursula Gauthier ལགས། གཞན་ཡང་ཧོང་ཀོང་མང་གཙོའི་ལས་འགུལ་བ་Hang Tung Chow ལགས་དང་ས་གནས་བོད་རིགས་བཅས་ཁྱོན་མི་གྲངས་ ༡༠༠ ལྷག་གིས་མཉམ་ཞུགས་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།