Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: August, 2016

རེས་གཟའ་ལྷག་པ། ༢༠༡༦།༠༨།༣༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་མི་དུང་ཕྱུར་ ༧༠ ཡོད་པ་ཚང་མ་བྱམས་བརྩེ་ལྡན་པ་བཟོ་རྒྱུ་ཐུན་མོང་གི་འགན་ཡིན་པ་བཀའ་བསྩལ། G20 ལྷན་ཚོགས་ཐོག་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་བོད་དང་འགྲོ་བ་མིའི་ཐོབ་ཐང་ཐོག་དོན་སྙིང་ལྡན་པའི་གླེང་སློང་གནང་དགོས་པའི་ཞུ་སྐུལ། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་སྲིད་བློན་ Justin Trudeau མཆོག་ལ་བོད་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐོག་གླེང་སློང་དགོས་པའི་ཞུ་འབོད། གཞོན་ནུ་ལྷན་ཚོགས་ཀྱིས་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་སྒྲིག་གཞི་བསྐྱར་བཅོས་ཀྱི་དོན་ཚན་དགུ་ཅན་ཞིག་ཕུལ་བ། རྒྱ་གར་ལྷོ་ཕྱོགས་ཁག་ཏུ་འཕྲོད་བསྟེན་ལམ་སྟོན་དང་རིན་མེད་བརྟག་དཔྱད་གནང་བཞིན་པ། བཙན་བྱོལ་བོད་མི་ཡར་ཐོན་ཚོང་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་ཐོབ་མཁན་ཚོང་པ་གཉིས་ལས་བྱུང་མེད་པ། Wednesday 31/08/2016 Dalai Lama teaching to Asian devotees continue, HH speaks on compassion Obama urged to press Xi Jinping on human rights at G20 Canadian lawmakers urge PM Trudeau to talk Tibet and Human Rights at G20 Imprisoned Tibetan language advocate might get upto 15 years sentence, police push for trial TYC submits 9 point suggestion letter for electoral reform to TPiE Only 2 make it to Tibetan Entrepreneurs’ Game Changers grant

༸གོང་ས་མཆོག་གིས་མི་དུང་ཕྱུར་ ༧༠ ཡོད་པ་ཚང་མ་བྱམས་བརྩེ་ལྡན་པ་བཟོ་རྒྱུ་ཐུན་མོང་གི་འགན་ཡིན་པ་བཀའ་བསྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སངས་རྒྱས་པའི་ཆོས་ཀྱི་བསླབ་པ་སྙིང་པོ་བྱམས་བརྩེ་དགོས་པ་ལྟར་མི་དུང་ཕྱུར་ ༧༠ ཡོད་པ་ཚང་མ་བྱམས་བརྩེ་ལྡན་པ་བཟོ་རྒྱུ་ནི་ཐུན་མོང་གི་འགན་ཡིན་པ་བཀའ་བསྩལ་སོང་། དེ་རིང་ཟླ་ ༨ ཚེས་ ༣༡ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ ཕྱི་ནང་གི་མང་ཚོགས་ཆོས་ཞུ་བ་ ༥༠༠༠ ལྷག་ལ་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་འཕྲཔ་སྐྱོང་མཛད་མུས་ལྟར། གོང་༸གང་ཉིད་མཆོག་གིས་སངས་རྒྱས་པའི་ཆོས་ཀྱི་བསླབ་བྱ་སྙིང་པོ་ལ་བྱམས་བརྩེ་དགོས་ཀྱི་ཡོད་པ་དང་། ད་ཆ་འཛམ་གླིང་འདིའི་སྟེང་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་གཙོ་བོ་བྱམས་བརྩེ་མེད་པར་བརྟེན་ནས་ཡོང་གི་ཡོད་སྟབས།  མིས་བཟོས་པའི་དཀའ་ངལ་དེ་དག་ལས་ཐར་ཐབས་དང་ཁྱད་པར་དུ་འཛམ་གླིང་འདི་མཛའ་མཐུན་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ཚང་མས་འགྲོ་བ་མིའི་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེའི་རང་བཞིན་དེ་གོང་འཕེལ་གཏོང་དགོས་གལ་ཡིན་པའི་ལམ་སྟོན་བསྩལ་སོང་། ད་དུང་མགོན་པོ་མཆོག་གིས་དུས་རབས་ ༢༡ པའི་སངས་རྒྱས་པའི་ཆོས་པ་གནང་ཡག་ལ་གཙོ་བོ་ནང་པའི་ལྟ་གྲུབ་ཀྱི་རྣམ་གཞག་ལ་དམིགས་བསལ་ཐུགས་སྣང་ཆེན་པོས་སློབ་གཉེར་གནང་དགོས་གལ་ཡིན་སྐོར་བཀའ་སྩལ་དང་ཆབས་ཅིག རབ་བྱུང་ཕོ་མོ་ཙམ་མིན་པར་མི་སྐྱ་ཕོ་མོ་ཚོས་ཀྱང་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་ཐར་པ་དང་ཐམས་ཅད་མཁྱེན་པ་བརྙེས་ཕྱིར་ལྗགས་རྩོམ་མཛད་པའི་གཞུང་ཆེན་དག་ལ་ཆེད་གཉེར་གྱིས་མཁས་བཙུན་བཟང་གསུམ་འཛོམས་པ་གནང་རྒྱུ་ནི་གལ་འགངས་ཆེན་པོ་ཡིན་པ་བཀའ་ནན་བསྩལ་སོང་། ༸གོང་ས་མཆོག་གིས་སྔར་བདག་ཅག་གི་སྟོན་པ་མཉམ་མེད་སངས་རྒྱས་ཤྭཀྱ་ཐུབ་པ་༸གང་ཉིད་མཆོག་སྐུ་བལྟམས་ཚེ་རྒྱལ་བའི་ཕོ་བྲང་དུ་སྐུ་མི་བལྟམས་པར་སྐྱེད་མོས་ཚལ་གྱི་ཤིང་གྲིབ་བསིལ་འོག་ཏུ་སྐུ་བལྟམས་པ་དང་། དེ་བཞིན་བྱང་ཆུབ་ཤིང་གི་ལྗོན་པའི་འོག་མངོན་པར་རྫོགས་པ་དང་མྱ་ངན་ལས་འདས་པའི་ཚུལ་བསྟན་ཡོད་པ་སོགས་ལུང་འདྲེན་དང་འབྲེལ། ཁྱད་པར་དུ་དེང་གི་ཆར་འཛམ་གླིང་གི་ཚ་དྲོད་ཤུགས་ཆེ་འཕར་བཞིན་པའི་དུས་མཚམས་འདིར། སངས་རྒྱས་པའི་ཆོས་པ་ཚོའི་ངོས་ནས་བཅོམ་ལྡན་འདས་ཀྱིས་དེ་སྔ་ཁོར་ཡུག་འབག་བཙོག་མི་བཟོད་པར་དེ་དག་སྲུང་སྐྱོབ་གནང་དགོས་སྐོར་གྱིས་གསུངས་པའི་ལམ་སྟོན་དེར་བརྩི་སྲུང་གིས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་དམིགས་བསལ་ཐུགས་སྣང་གནང་དགོས་པའི་སྐུལ་ལྕག་བཅས་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་ཆོས་ཞུ་བ་ཁག་ཅིག་ལ་ཚོར་སྣང་ཇི་བྱུང་ཐོག་བཅར་འདྲི་ཞུས་པའི་ཁྲོད། ཐའེ་ལེན་ཌི་ནས་ཆེད་བཅར་ཞུས་པའི་བོུ་གཅིག་གིས་ང་རང་ད་རེས་༸གོང་ས་མཆོག་གི་༸སྐུ་མདུན་ནས་གསུང་ཆོས་ཞུ་བ་ཐེངས་དང་པོ་ཆགས་ཀྱི་ཡོད། ང་རང་སེམས་པ་སྐྱིད་པོ་ཞེ་དྲག་བྱུང་། དེ་སྔོན་ང་རང་ཤི་རྒྱུར་ཞེད་ཀྱི་འདུག འོན་ཀྱང་༸གོང་ས་མཆོག་གི་གསུང་ཆོས་ཉན་པར་བརྟེན་ང་རང་མི་ཚེའི་སྐོར་གོ་རྟོགས་སྔར་ལྷག་བྱུང་བ་མ་ཟད། གལ་སྲིད་ང་དེ་རིང་ཤི་དགོས་བྱུང་ཡང་ང་མི་ཞེད་པར་ཤི་ཐུབ་ས་རེད་ཅེས་གསུངས་སོང་།

བཙན་བྱོལ་བོད་མི་ཡར་ཐོན་ཚོང་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་ཐོབ་མཁན་ཚོང་པ་གཉིས་ལས་བྱུང་མེད་པ།

འདི་ལོ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་ TED ཞེས་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞི་ཚན་པའི་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་ཐོབ་མཁན་བོད་རིགས་ཡར་ཐོན་ཚོང་ལས་པ་གཉིས་ལས་བྱུང་མེད་པ་རེད། དེ་ཡང་རྒྱལ་ས་ལྡི་ལི་ནས་ཡིན་པའི་ Delhi Bike ཞེས་པའི་རྐང་འཁོར་བུན་གཡར་གྱི་ཚོང་ལས་པ་བསྟན་འཛིན་དགོན་པོ་ལགས་ལ་ཧིན་སྒོར་འབུམ་གཉིས་དང་ཕྱེ་ཀ་དང་། ཡེ་ཤེས་དཔལ་འབྱོར་ལགས་དང་བྱམས་པ་བསྟན་དར་ལགས། ལྷ་མོ་བཀྲ་ཤིས་ལགས་བཅས་རྣམ་པ་གསུམ་གྱི་སྐེ་རག་ཞེས་པའི་བོད་ཀྱི་གྱོན་ཆས་ཚོང་ལས་ལ་ཧིན་སྒོར་འབུམ་གཉིས་དང་ཕྱེ་ཀ་བཅས་གནང་སོང་། འདི་ག་རླུང་འཕྲིན་ཁང་གིས་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞི་ཚན་པའི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་དབང་རྒྱལ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ད་རེས་ཀྱི་འགྲན་བསྡུར་ནང་གཟེངས་རྟགས་ཐོབ་མཁན་གཉིས་ལས་བྱུང་མེད་དོན་ནི་ལས་གཞིར་མཉམ་ཞུགས་གནང་མཁན་རྣམས་ཀྱིས་ཚོང་ལས་འཆར་འགོད་གནང་སྟངས་སོགས་ཀྱི་ཐད་ལ་གྲ་སྒྲིག་དེ་ཙམ་ལེགས་པོ་གནང་མེད་སྐོར་ཡིན་པ་གསུངས་ཀྱི་འདུག གཞི་རྩའི་འདི་ལོའི་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་འགྲན་བསྡུར་ནང་བོད་རིགས་ཚོང་ལས་པ་དགུ་ནས་མཉམ་ཞུགས་གནང་ཡོད་པ་དང་། ཁ་སང་ཉིན་དང་པོའི་འགྲན་བསྡུར་གྲུབ་རྗེས་བོད་རིགས་ཚོང་ལས་པ་ལྔ་མཐའ་མའི་འགྲན་བསྡུར་ནང་འདེམས་ཐོན་བྱུང་ཡོད་ཀྱང་། དེ་རིང་མཐའ་མའི་འགྲན་ཞུགས་ལས་མ་དངུལ་གཟེངས་རྟགས་ཐོབ་མཁན་གཉིས་ལས་བྱུང་མེད་པ་རེད།   འོན་ཏང་སྔར་ལོ་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་ཐོབ་མཁན་ཚོང་ལས་པ་བཞི་བྱུང་ཡོད་པ་རེད། རྩ་བའི་ཁ་སང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིགས་འཛུགས་ཀྱིས་བོད་རིགས་གཞོན་སྐྱེས་ཁྲོད་ཚོང་ལས་ཐོག་ལ་དོ་དབྱིངས་དང་འཆར་གཞི་ཡོད་མཁན་རྣམས་ལ་དགོས་ངེས་ཀྱི་ཟབ་སྦྱོང་དང་ལམ་སྟོན་སོགས་གནང་བཞིན་ཡོད་པ་དང་། འཆར་གཞི་ལྡན་པའི་བོད་རིགས་ཡར་ཐོན་ཚོང་ལས་པ་རྣམས་འགྲན་བསྡར་གྱི་ལམ་ནས་དགོས་ངེས་ཀྱི་མ་དངུལ་གནང་རྒྱུའི་གྲ་སྒྲིག་ཡོད་ཅེ་གསུངས་པ་མ་ཟད། བོད་མིའི་སྤྱི་ཚོགས་ནང་ལ་མཚོན་ན་ད་ལྟའི་ཆར་བུད་མེད་ཚོང་ལས་གཉེར་མཁན་བརྒྱ་ཆ་ ༡༥ ཙམ་ལས་མེད་སྐོར་གསུངས་ཡོད།

ཨ་རིའི་སྲིད་འཛིན་དང་ཁེ་ན་ཌའི་སྲིད་བློན་རྣམ་གཉིས་ལ་བོད་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་དགོས་པ་ཞུས་འདུག

དེ་ཡང་ཟླ་ ༩ ཚེས་ ༤ དང་། ༥ བཅས་སུ་རྒྱ་ནག་གི་ Hangzhou གྲོང་ཁྱེར་ནང་དུ་ G20 འམ་རྒྱལ་སྤྱིའི་དཔལ་འབྱོར་སྲ་བརྟན་དང་འབྲེལ་བའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐེངས་ ༡༡ དེ་ཚོགས་རྒྱུའི་ཐོག་མགྲོན་བདག་རྒྱལ་ཁབ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གཙོས་པའི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག ཁེ་ན་ཌའི་སྲིད་བློན་སྐུ་ཞབས་Justin Trudeau མཆོག་དང་རྒྱ་གར་གྱི་སྲིད་བློན་མོ་ཌི་མཆོག་སོགས་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་དཔལ་འབྱོར་བློན་ཆེན་སོགས་ཕེབས་གནང་གི་ཡོད་སྟབས། ད་རེས་སྲིད་འཛིན་མཆོག་གི་རྒྱལ་སྲུང་སློབ་སྟོན་པ་གཞོན་པ་སྐུ་ཞབས་ Ben Rhodes ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཨོ་བྷ་མ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་ལྷན་དུ་འདས་པའི་ལོ་བདུན་དང་ཕྱེད་ཀའི་ནང་ལྷོ་རྒྱ་ནག་རྒྱ་མཚོ་དང་། དྲ་རྒྱའི་ཉེན་སྲུང་།  དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་ཨ་རི་དང་རྒྱ་ནག་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ནང་གལ་གནད་ཆེ་བའི་གནད་དོན་ཁག་གི་ཐོག་ལ་བསྐྱར་ཞིབ་གནང་འཆར་ཡོད་སྐོར་གསུངས་འདུག དེའང་ཁ་སང་ཉིན་རྒྱབ་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་པའི་ཐོག་སྲིད་འཛིན་ཨོ་བྷ་མ་མཆོག་གི་རྒྱལ་སྲུང་སློབ་སྟོན་པ་ལྕམ་ Susan Rice མཆོག་གིས་གཙོས་པའི་རྒྱ་གཞུང་གི་བཙོན་ཁང་ནང་སྡུག་སྦྱོང་མྱངས་མྱོང་ཡོད་པའི་བོད་མི་ཆབ་སྲིད་བཙོན་ཟུར་དང་ལས་འགུལ་བ་མགོ་ལོག་འཇིགས་མེད་ལགས་དང་ཨ་རི་དུ་བཅའ་བཞུགས་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་ཁྲིམས་རྩོད་པ་ TengBiao ལགས།  luJun དེ་བཞིན་ Ughur དང་། AlimSeytoff  དང་ཡི་ཤུའི་ཆོས་དད་རང་དབང་ལས་འགུལ་བ་ BobFu བཅས་མི་སྣ་ཁག་ཅིག་དང་ལྷན་དུ་མཇལ་འཕྲད་ཀྱིས་སྲིད་འཛིན་མཆོག་གིས་རྒྱ་ནག་གི་ Hangzhou གྲོང་ཁྱེར་ནང་དུ་ G20 འམ་རྒྱལ་སྤྱིའི་དཔལ་འབྱོར་སྲ་བརྟན་དང་འབྲེལ་བའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐེངས་ ༡༡ ཐོག་གང་གནང་དགོས་མིན་ཐད་གྲོས་བསྡུར་ཚོགས་འདུ་ཞིག་ཚོགས་འདུག སྐར་མ་ ༨༠ ཙམ་རིང་ཚོགས་པའི་ཚོགས་འདུ་དེའི་ཐོག་བོད་མི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་རིང་མིན་ཟླ་ ༩ པའི་ནང་ཚོགས་གཏན་འཁེལ་བའི་ G20 ལྷན་ཚོགས་ཐོག་སྲིད་འཛིན་ཨོ་བྷ་མ་མཆོག་གིས་བོད་ཀྱི་རྩ་དོན་ཐད་རྒྱབ་སྐྱོར་ཡོད་པ་ཁ་གསལ་གནང་དགོས་པ་དང་། དོན་གྲུབ་དབང་ཆེན་ལགས་ཁོང་གི་ནང་མིའི་ལྷན་དུ་མཉམ་འཛོམས་ཡོང་བ། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གང་མྱུར་གློད་གྲོལ་ཡོང་རྒྱུ་གཙོས་གནད་དོན་གསུམ་གྱི་ཐོག་འབོད་སྐུལ་ཞུས་ཡོད་པ་རེད། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་ཁྲིམས་རྩོད་པ་ TengBiao ལགས་ཀྱི་ཞི་ཅིང་ཕིང་རྒྱ་ནག་གི་སྲིད་འཛིན་དུ་བསྐོ་གཞག་བྱེད་པའི་དུས་ནས་བཟུང་སྟེ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང་ལས་འགུལ་བ་མང་དག་ཅིག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྤྱི་ཚོགས་ལ་ཕན་པའི་ཚོགས་པ་མང་པོ་ཞིག་སྒོ་རྒྱབ་པ།  དྲ་རྒྱ་སོགས་བརྒྱུད་ལམ་ཁག་གི་ཐོག་ལ་དམ་དྲག་གཙོས་ཆོས་ཕྱོགས་ཀྱི་ཚོགས་སྡེ་ཁག་དུ་མར་དྲག་གནོན་བྱེད་བཞིན་ཡོད་པ་སོགས་མངོན་གསལ་གྱིས་རྒྱ་ནག་ནང་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་ཐེ་བཏོན་གནང་པ་མ་ཟད། སྲིད་འཛིན་ཨོ་བྷ་མ་མཆོག་གིས་གནད་དོན་དེར་གླེང་སློང་ཤུགས་ཆེ་གནང་དགོས་པའི་ཞུ་སྐུལ་ཞུས་འདུག དེ་བཞིན་ཁོང་གིས་ད་ལྟ་རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ Liu Xiaobo ལགས་དང་། Ilham Tohti དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ Li Heping དང་། Wang Quanzhang སོགས་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད་འདུག གཞན་ཡང་ཨ་རིའི་སྤྱི་དམངས་ཐོབ་ཐང་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Marco Rubio ལགས་ཀྱིས་གཙོས་ Chris Smith ལགས། འགྲོ་བ་མིའི་ཐབ་ཐང་རྟོག་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ངེས་སྟོན་པ་ལྕམ་ Sophie Richardson ལགས་བཅས་ཀྱིས་སྲིད་འཛིན་མཆོག་ལ་ཞུ་སྐུལ་གནང་འདུག དེ་མཚུངས་སུ་ཁེ་ན་ཌའི་རྙིང་ཞེན་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ David sweet ལགས་དང་ David Anderson ལགས་དེ་བཞིན་སྐུ་ཞབས་ Peter Kent ལགས་བཅས་གསུམ་གྱིས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཏེ་རྒྱལ་ཁབ་ཀྱི་སྲིད་བློན་སྐུ་ཞབས་ Justin Trudeau མཆོག་ད་རེས་རྒྱ་ནག་ཏུ་ཕེབས་སྐབས་བོད་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་དགོས་པའི་འབོད་ཁག་ཅིག་ཞུས་འདུག འབོད་སྐུལ་བསྒྲགས་གཏམ་དེའི་ནང་གྲོས་ཚོགས་རྣམས་ནས་སྲིད་བློན་སྲིད་བློན་ Justin Trudeau མཆོག་ལ་རྒྱ་ནག་དེ་མང་ཚོགས་ཀྱི་རང་དབང་འཕྲོག་མཁན་གྱི་དབང་ཆ་གཅིག་བསྡུས་རིང་ལུགས་པ་ཞིག་ཡིན་པ་མ་ཟད། རྒྱ་གཞུང་ནས་ནང་པ་དང་ཁ་ཆེ། དེ་བཞིན་ཡི་ཤུ་དང་ཕྷ་ལེན་གོང་རྗེས་འབྲང་པའི་ཆོས་རིག་ལ་དྲག་གནོན་རྐྱེན་པས་ཁོང་རྣམ་པ་དཀའ་སྡུག་མྱོང་བཞིན་ཡོད་པ་ངེས་པར་དུ་མཁྱེན་པའི་ཐོག་ད་རེས་གོ་སྐབས་འདི་བཟུང་ནས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལ་གླེང་སློང་གནང་དགོས་པའི་ཞུ་སྐུལ་ནན་པོ་གནང་འདུག ཁ་སང་སྔ་ཐོག་ཁེ་ན་ཌའི་རྒྱལ་ས་ Otawa ལ་རྟེན་གཞི་བྱས་པའི་གྲོས་ཚོགས་མདུན་དུ་ཁུལ་དེའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱལ་སྤྱི་ཉེས་ཡང་ཚོགས་པ་སོགས་ཀྱིས་སྐད་འབོད་དང་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད། ཁེ་ན་ཌའི་སྲིད་བློན་མཆོག་ནས་ད་རེས་རྒྱ་ནག་དང་མཉམ་དུ་བོད་མི་རང་ལུས་མེར་སྲེག་མུ་མཐུད་ཡོང་བཞིན་པའི་གནད་དོན་དང་བླ་རུང་སྒར་གཏོར་བཤིག་མཚམས་འཇོག དེ་བཞིན་རྩོམ་པ་པོ་ཞོགས་ལྗང་ལགས་འཕྲད་དུ་གློད་གྲོལ་སྐོར་གླེང་སློང་གནང་དགོས་པའི་ཞུ་འབོད་གནང་འདུག

བཀྲ་ཤིས་དབང་ཕྱུག་ལགས་ལ་ལོ་ ༡༥ རིང་བཙོན་འཇུག་ཁྲིམས་ཐག་བཅད་སྲིད་པ་བརྗོད་འདུག

བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་སུ་ཆབ་སྲིད་ཀྱི་ནག་ཉེས་འོག་རྒྱ་ནག་གཞུང་གི་ཁྲིམས་ཐོག་ནས་ཁྲིམས་བཤེར་བྱ་ཚེ་ངོ་བཅོ་ལྔ་རིང་བཙོན་འཇུག་ཁྲིམས་ཐག་བཅད་སྲིད་པ་བརྗོད་འདུག དེ་རིང་ཟླ་ ༨ ཚེས་ ༣༡ ཉིན་ཨ་རིའི་ New York Times གསར་ཁང་གིས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་སྐུ་ཞབས་Liang Xiaojun ལགས་སུ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནད་དོན་དང་འབྲེལ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་སྤེལ་འདུག་པ་དང་། དེའི་ནང་སྐུ་ཞབས་ Liang Xiaojun  ལགས་ཀྱིས་ད་ལྟའི་ཆར་རྒྱ་གཞུང་ཉེས་རྟོག་པས་དེ་སྔ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་དང་རྒྱལ་སྤྱིའི་གསར་ཁང་ཁག་གི་བཅར་འདྲིར་དང་ལེན་གནང་སྟབས། རྒྱལ་ཁབ་ཁ་བྲལ་གྱི་སྐུལ་སློང་ཞེས་པའི་ཆབ་སྲིད་ཀྱི་ནག་ཉེས་གཡོག་སྟེ་ཁྲིམས་ཐོག་ནས་ཁྲིམས་བཤེར་བྱ་ཐབས་བྱེད་བཞིན་ཡོད་པ་འགྲེལ་བརྗོད་དང་སྦྲགས། གལ་ཏེ་དེ་ལྟར་བྱེད་ཚེ་ཁོང་ལ་མི་ལོ་ ༡༥ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ངེས་ཡིན་པ་རེད་ཅེས་བརྗོད་འདུག སྐུ་ཞབས་ Liang Xiaojun ལགས་ཀྱིས་ཁོང་གིས་ད་བར་བཀྲ་ཤིས་དབང་ཕྱུག་ལགས་བཀག་དཀྱིལ་ཁང་དུ་ཐུགས་འཕྲད་བྱེད་སྐབས། ཁོང་ནས་ད་བར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐོག་ཕྱག་ལས་གནང་པར་བློ་འགྱོད་ཕྲན་བུ་ཙམ་ཡང་མེད་པ་མ་ཟད། ཁོང་གིས་དུས་ནམ་ཡང་རྒྱལ་ཁབ་ཁ་བྲག་གི་བྱ་སྤྱོད་སྤེལ་བའི་བསམ་བློ་འཁོར་མྱོང་མེད་ཅེས་གསུངས་པ་གསལ་བཏོན་གནང་པ་དང་། ལྷག་དོན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ད་བར་ཕྱག་ལས་གནང་པ་དེ་དག་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་བོད་ཀྱི་སྐད་ཡིག་དེ་རྒྱ་ཡིག་དང་གཅིག་མཚུངས་སློབ་གྲྭ་ཁག་གི་ནང་སློབ་ཁྲིད་གནང་དགོས་པའི་ཞུ་འབོད་གནང་པ་ལས་རྒྱལ་ཁབ་ཁ་བྲལ་གྱི་ལས་དོན་གང་ཡང་གནང་མེད་པ་གསུངས་ཡོད་པ་རེད། གཞི་རྩའི་བོད་མི་བཀྲིས་དབང་ཕྱུག་ལགས་ནི་དེ་སྔའི་བོད་ཁམས་ཡུལ་ཤུལ་ཁུལ་གྱི་དགོན་སྡེ་དང་སྒེར་གཉེར་སློབ་གྲྭ་ཁག་དང། དེ་བཞིན་ས་གནས་བྱིས་པ་ཚོར་བོད་པའི་སྐད་ཡིག་སློབ་ཁྲིད་གནང་མཁན་ཞིག་ཡིན་པ་དང།  ཕྱིས་སུ་ས་གནས་ལ་རྒྱ་ནག་གཞུང་གིས་བོད་ཡིག་སློབ་ཁྲིད་བྱ་རྒྱུ་བཙན་དབང་གིས་བཀག་སྡོམ་དང་ས་གནས་སུ་རྒྱ་གཞུང་གི་སློབ་གྲྭ་ཁག་ཏུ་བོད་རྒྱ་གཉིས་ཟུང་འབྲེལ་ཐོག་སློབ་ཁྲིད་བྱ་རྒྱུ་དེ་མེད་པ་བཟོས་པར་བརྟེན། ཁོང་གིས་བོད་ཀྱི་སྐད་ཡིག་བདག་དབང་རྩོད་ལེན་སླད་ས་གནས་སྲིད་གཞུང་དང། རྗེས་སུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕྱིན་ནས། ཁྲིམས་ཁང་དང། དབུས་བརྙན་འཕྲིན་ལས་ཁང་བཅས་ལ་ཞུ་གཏུགས་ལན་མང་བྱས་ནས་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཡོང་བར་འབད་བརྩོན་ལྷོད་མེད་ཞུས་ཀྱང་དོན་འབྲས་གང་ཡང་སོན་མེད་པ་རེད། རྗེས་སུ་ཁོང་གིས་སྔ་ལོའི་ཕྱི་ཟླ་ ༡༡ ཉིན་’’བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་བོད་མིའི་དཀའ་སྤྱད་འགོག་རྒོལ་’’ཞེས་པའི་རྩོམ་ཡིག་དེ་ཨ་རིའི་ནེའུ་ཡོག་གསར་ཁང་གི་ས་གནས་གསར་འགོད་པ་ Edward Wong ལགས་ཀྱིས་སྤེལ་ཡོད་པ་རེད་འདུག ལྷག་དོན་ད་བར་ཁོང་གི་གནད་དོན་དང་འབྲེལ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གཙོས་པའི་དབྱིན་ཡུལ་ནང་ལ་ཡོད་པའི་རྒྱལ་སྤྱིའི་ཉེ་ཡངས་ཚོགས་པ་དང་ཨ་རི་ནང་ལ་ཡོད་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་སོགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་ཚོགས་པ་ཁག་མང་པོ་ཞིག་ནས་རྒྱ་ནག་གཞུང་ལ་བཀྲ་ཤིས་དབང་ཕྱུག་ལགས་ཆ་རྐྱེན་གང་ཡང་མེད་པའི་ཐོག་གློད་ཀྲོལ་བཏང་དགོས་པའི་ཞུ་གཏུགས་རིམ་པས་བྱེད་ཡོད་ཀྱང་། རྒྱ་གཞུང་གིས་ཉན་འཇོག་གང་ཡང་མེད་པར་དུས་ད་ལྟའང་ཁོང་བཙོན་འཇུག་འོག་གནས་ཡོད་པ་རེད། རྩ་བའི་ད་ལྟའི་ཆར་རྒྱ་གཞུང་ཉེས་རྟོག་པས་བཀྲ་ཤིས་དབང་ཕྱུག་ལགས་སུ་འདྲི་རྩད་རིགས་ཆ་ཚང་བྱས་ཟིན་ཡོད་པ་དང་། དེ་རིང་ནས་མགོ་འཛུགས་ཀྱིས་ཉིན་གྲགས་དགུ་བཅུའི་ནང་ཚུད་ལ་རྒྱ་གཞུང་ཉེས་རྟོག་པ་རྣམས་ནས་ཁོང་གི་གནད་དོན་དེ་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱེད་མིན་གྱི་ཐག་གཅོད་བྱ་དགོས་ཀྱི་འདུག་པ་དང་། རྒྱ་གཞུང་ཉེས་རྟོག་པས་ཁོང་རྒྱལ་ཁབ་ཁ་བྲལ་གྱི་སྐུལ་སློང་ཞེས་པའི་ཆབ་སྲིད་ཀྱི་ནག་ཉེས་འོག་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་བར་ཟླ་བ་བརྒྱད་ལྷག་འགྲོ་བཞིན་ཡོད་པ་རེད།

རེས་གཟའ་མིག་དམར། ༢༠༡༦།༠༨།༣༠

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་སངས་རྒྱས་པའི་ཆོས་ཀྱི་ཉམས་མྱོང་སྤེལ་རེས་གནང་གལ་ཡིན་པ་བཀའ་བསྩལ་བ། བླ་རུང་སྒར་གཏོར་བཞིན་པའི་དོན་རྐྱེན་འོག་སླར་ཡང་བཙུན་མ་གཉིས་ཀྱིས་རང་སྲོག་བཅད་འདུག བཙན་བྱོལ་བོད་མི་ཡར་ཐོན་ཚོང་པའི་མ་དངུལ་རོགས་སྐྱོར་གནང་རྒྱུུའི་འགྲན་བསྡུར་ཁོངས་ཚོང་ལས་པ་ལྔ་བདམས་པ། སྲིད་སྐྱོང་མཆོག་གིས་ཨི་ཊ་ལིའི་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ། རྒྱ་གར་ཆེད་ལས་མཁས་པ་དང་སློབ་མ་ཁག་ཅིག་ནས་བོད་དོན་ལ་དོ་སྣང་ཆེན་པོ་གནང་འདུག བོད་ཀྱི་དཔེ་མཛོད་ཁང་དང་ལྷོ་ཀོ་རི་ཡའི་དོང་གུག་གཙུག་ལག་སློབ་གཉེར་དབར་རིག་གཞུང་སྤེལ་རེས་ཀྱིས་གན་རྒྱ་བཞག་པ། Tuesday 30/08/2016 Dalai Lama speaks on importance of sharing Buddhist knowledge, Dharamsala Two more nuns commit suicide in wake of Larung Gar demolitions 2nd Tibetan Entrepreneurs’ Game Changers Conference 2016 commences in Dharamsala LTWA and South Korea’s Dongguk University to engage in educational & cultural exchanges Sikyong expresses solidarity with Italy earthquake victims Thank you India Program held at OP Jindal Global University

བླ་རུང་སྒར་གཏོར་བཞིན་པའི་དོན་རྐྱེན་འོག་སླར་བཙུན་མ་གཉིས་ཀྱིས་རང་སྲོག་བཅད་འདུག

རྒྱ་ནག་གཞུང་གིས་ཟླ་བ་གཅིག་ཙམ་གོང་ནས་གསེར་རྟ་བླ་རུང་སྒར་གྱི་རྟེན་དང་བརྟེན་པ་བཅས་པ་གཏོར་བཤིག་བཏང་དང་གཏོང་བཞིན་པའི་དུས་སྐབས་འདིར་སླར་བཙུན་མ་ཚེ་རིང་སྒྲོལ་མ་ལགས་དངབཙུན་མ་སེམས་དགའ་ལགས་རྣམ་གཉིས་ཀྱིས་རང་སྲོག་བཅད་འདུག     འདི་ག་རླུང་འཕྲིན་ཁང་གིས་གསེར་རྟ་བླ་རུང་སྒར་གྱི་རྟེན་དང་བརྟེན་པ་བཅས་པ་གཏོར་བཤིག་གཏོང་བཞིན་པའི་དོན་རྐྱེན་ཁྲོད་བཙུན་མ་གཉིས་ཀྱིས་རང་སྲོག་བཅད་པའི་གནད་དོན་ཐད་བོད་ནང་ཞིབ་དཔྱད་བྱེད་སྐབས་རང་སྲོག་བཅད་པའི་གནས་ཚུལ་དེ་དངོས་འབྲེལ་ཡིན་པ་ཤེས་རྟོགས་ཐུབ་ཀྱང་། རང་སྲོག་བཅད་པའི་དུས་ཚོད་སོགས་གཏན་འཁེལ་བ་ཞིག་ཤེས་རྟོགས་ཐུབ་ཀྱི་མི་འདུག ཕ་ཡུལ་ཁྱུང་མཆུ་རྫོང་རྨེ་བ་ཡུལ་ཕྱོགས་ནས་ཡིན་ཞིང་ད་ལྟ་རང་ལོ་ ༢༠ ཙམ་སོན་པའི་བཙུན་མ་ཚེ་རིང་སྒྲོལ་མ་ལགས་ཀྱིས་ཟླ་ ༨ ཚེས་ ༡༧ ཉིན་རང་ཉིད་ཀྱི་སྐེར་ཐག་པས་བཅིངས་ནས་རང་སྲོག་བཅད་ཡོད་པ་དང།  གནད་དོན་དེ་མ་བྱུང་བའི་སྔོན་ཚུད་དུ་བཙུན་མ་ཁོང་གིས་བླ་རུང་སྒར་དུ་གྲྭ་ཤག་གཏོར་བཤི ག་གཏོང་བཞིན་པར་སེམས་ཁྲལ་ཆེན་པོ་གནང་བཞིན་པ་བཙུན་མ་གཞན་ཚོས་མཐོང་ཐོས་བྱུང་འདུག སྐབས་དེར་ཁོང་གི་ཤུལ་དུ་ཞལ་ཆེམས་ཡི་གེ་ཞིག་བཞག་ཡོད་པ་ལག་སོན་བྱུང་བ་དེའི་ནང་ཁོང་ནས་བླ་རུང་ཆོས་སྒར་དུ་རྒྱ་གཞུང་གིས་བཙན་གནོན་གྱིས་སུན་གཙེར་བཟོད་གླགས་བྲལ་བ་བཟོས་བཞིན་པ་མ་ཟད། གྲྭ་ཤག་ཚང་མ་གཏོང་བཞིན་ཡོད་སྐོར་སོགས་འཁོད་འདུག གཞན་ཡང་ཉེ་སྔོན་བཙུན་མ་ཚེ་རིང་སྒྲོལ་མ་ལགས་ཀྱིས་རང་སྲོག་བཅད་པའི་གནད་ཚུལ་དེ་མ་བྱུང་བའི་སྔོན་ཙམ་ལ་ཕ་ཡུལ་རྫ་ཆུ་ཁ་ནས་ཡིན་པའི་བཙུན་པ་ཞིག་གིས་ཀྱང་རང་སྲོག་བཅད་གྲབས་བྱས་པར་བཙུན་པ་གཞན་ཁག་ཅིག་གིས་མཐོང་སྟེ་བཀག་ཐུབ་པ་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག      དེ་བཞིན་ཕ་ཡུལ་འཛམ་ཐང་རྫོང་རྐ་མདའ་མདོ་བ་ཕྱོགས་ནས་ཡིན་པའི་བཙུན་མ་སེམས་དགའ་ལགས་ཀྱིས་ཀྱང་རང་སྲོག་བཅད་ཡོད་པ་དང་། ཁོང་མོས་རང་སྲོག་བཅད་དོན་དེའང་བླ་རུང་སྒར་གྱི་གྲྭ་བཙུན་ཤག་གཏོར་བཞིན་པའི་དོན་གནད་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད་འདུག གཞི་རྩའི་ཟླ་བ་སྔོན་མའི་ཟླ་ཤར་ཙམ་ལ་རྒྱ་ནག་ཀྲུང་དབྱང་སྐབས་ ༦ པའི་བོད་ཁུལ་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང་འབྲེལ། ༢༠༡༧ ལོའི་ཕྱི་ཟླ་ ༩ ཚེས་ ༣༠ སྔོན་ཚུད་དུ་བླ་རུང་སྒར་སྤྱིའི་མི་འབོར་ ༥༠༠༠ བར་ཚོད་འཛིན་ཐུབ་པ་དགོས་རྒྱུ་དང། འདི་ལོའི་ཟླ་ ༡༠ ཚེས་ ༣༠ སྔོན་དུ་གཏོར་བཤིག་གི་ལས་དོན་ཟིན་དགོས་སྐོར་སོགས་ཀྱི་བཀའ་རྒྱ་བཏང་ཡོད་པ་དང། དེ་རྗེས་རྒྱ་གཞུང་གི་དམག་མི་དང་ལས་མི་བཏང་སྟེ་ཕྱི་ཟླ་ ༧ ཚེས་ ༢༠ ཉིན་དངོས་སུ་གྲྭ་ཤག་གཏོར་བཤིག་གི་ལས་གཞིས་མགོ་བཙུགས་ཡོད་པ་རེད། གྲྭ་ཤག་གཏོར་བཤིག་གི་ལས་གཞིས་དེ་དངོས་སུ་སྤེལ་མགོ་བརྩམས་པ་ནས་བཟུང་དུས་ད་ལྟའང་ལས་གཞི་དེ་འགྲོ་མུས་ཡིན་པ་དང། དེའང་ཐོག་མར་བཙུན་མའི་གྲྭ་ཤག་ནས་གཏོར་བཞིན་པའི་དུས་སྐབས་དུས་བཙུན་མ་རིན་འཛིན་སྒྲོལ་མ་ལགས་ཀྱིས་རང་སྲོག་བཅད་པའི་གནས་ཚུལ་ཐོན་རྗེས། ད་རེས་བཙུན་མ་གཉིས་རྩིས་པའི་ད་བར་བཙུན་མ་གསུམ་གྱིས་རྒྱ་གཞུང་གིས་དགོན་པ་གཏོར་བཤིག་གཏོང་བཞིན་པར་མ་བཟོད་ནས་རང་སྲོག་བཅད་པའི་གནས་ཚུལ་ཐོན་ཡོད་པ་རེད།  

རྒྱ་གར་གྱི་སློབ་ཕྲུག་ཚོས་བོད་དོན་ལ་དོ་སྣང་གནང་པ་དེ་དགའ་ཚོར་སྐྱེས་འོས་པ་རེད་ཅེས་གསུངས་པ།

ཁ་སང་ཟླ་ ༨ ཚེས་ ༢༩ ཉིན་རྒྱ་གར་གྱི་ཧ་རི་ཡ་ནའི་མངའ་སྡེ་ Sonipat ཁུལ་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱི་གཙུག་ལག་སློབ་གཉེར་ཁང་ OP Jindal International University ནང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་བོད་ཀྱི་འགྲེམ་སྟོན་ཁང་། OP Jindal རྒྱལ་སྤྱི་གཙུག་ལག་སློབ་གཉེར་ཁང་། འཕགས་བོད་འབྲེལ་མཐུད་ལས་ཁང་བཅས་ཟུས་སྦྲེལ་གྱིས་གོ་སྒྲིག་འོག་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་ལས་བོད་ཀྱི་གནད་དོན་དང་འབྲེལ་བའི་མཁས་པའི་བགྲོ་གླེང་དང་པར་རིགས་འགྲེམས་སྟོན། གློག་བརྙན་གཟིགས་འབུལ། དེ་བཞིན་གསུང་བཤད་སོགས་ཉིན་གཅིག་གི་ལས་རིམ་ཞིག་འཚོགས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་གཞོན་པ་བསོད་ནམས་བསྟན་འཛིན་ལགས་ཀྱིས་གཙུག་ལག་ཁང་དེའི་དགེ་ལས་སློབ་གཉེར་བ་རྣམ་པས་བོད་དོན་ལ་དམིགས་བསལ་གྱི་ཐུགས་སྣང་དང་། རྒྱ་གར་གྱི་མཁས་པ་ཚོས་ཀྱང་བོད་ལ་འཛིན་པའི་སྲིད་བྱུས་དང་དགོངས་ཚུལ་གནང་པ་མ་ཟད། ལྷག་དོན་བོད་པའི་ཉམས་ཞིབ་པ་ཚོས་བོད་དོན་གྱི་བརྗོད་གཞི་རེར་ལ་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གནང་པ་དེ་དག་ལ་དགའ་ཚོར་སྐྱེས་འོས་པ་ཞིག་རེད་ཅེས་གསུངས་ཀྱི་འདུག ད་དུང་ཁོང་གི་རྒྱ་གར་བོད་དོན་ཉམས་ཞིབ་པ་ཚོས་ང་ཚོ་བོད་པའི་ཉམས་ཞིབ་པས་ཉམས་ཞིབ་གནང་སྟངས་ལ་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་གནང་པ་དེས་ཉམས་ཞིབ་གནང་ཕྱོགས་ལ་ཕན་ཐོགས་ཆེན་པོ་ཡོང་བའི་ཚོར་སྣང་བྱུང་ཚུལ་གསུངས་པ་དང་ཆབས་ཅིག ཁོང་གིས་གཙུག་ལག་སློབ་ཁང་དེའི་དགེ་ལས་སློབ་མ་དང་། ཉམས་ཞིབ་པ་ཚོས་བོད་དང་རྒྱ་གར། རྒྱ་ནག་བཅས་ཀྱི་ཐོག་ལ་ཐུགས་སྣང་ཆེན་པོ་གནང་གི་ཡོད་སྐོར་གསུངས་སོང་། གཞི་རྩའི་ཁ་སང་བོད་དོན་གྱི་ལས་རིམ་དེའི་ནང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁོར་ཡུག་ཉམས་ཞིབ་པ་བསྟན་པ་རྒྱལ་མཚན་ལགས་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་གནས་སྟངས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་པ་ཁག་ཅིག་གིས་བོད་རང་སྐྱོང་ལྗོངས་ཀྱི་འགི་ཁྲིད་ཚོས་གནས་བབ། བོད་དང་རྒྱ་ནག་གི་ལོ་ལྔ་རེའི་ལས་འཆར། སྤྱི་ཚོགས་བརྒྱུད་ལམ་ཐོག་རྒྱ་ནག་གིས་འགོག་རྐྱེན་དང་བོད་མིའི་ལས་འགུལ། བོད་ནང་རྒྱ་གཞུང་གིས་ཡར་རྒྱས་གཏོང་བ་མིང་ཙམ་ལས་དོན་དངོས་ཐོག་དམག་དོན་འཛུགས་སྐྲུན་བྱེད་བཞིན་ཡོད་པ་བཅས་ཀྱི་བརྗོད་གཞིའི་ཐད་གླེང་སློང་གནང་ཡོད་པ་རེད། གཞན་ཡང་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གིས་གོ་སྒྲིག་འོག་རྒྱ་གར་དང་རྒྱ་ནག་གི་འབྲེལ་ལམ་ཐོག་བོད་ཀྱི་ཤུགས་རྐྱེན་ཇི་ཡོད་ཐད་མང་ཚོགས་ཀྱི་གཤམ་བཤད་ལས་རིམ་ཞིག་ཀྱང་བསྐོང་ཚོགས་གནང་འདུག རྩ་བའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་རྒྱལ་སྤྱི་གཙུག་ལག་སློབ་གཉེར་ཁང་དེའི་ནང་བོད་ཀྱི་གནད་དོན་དང་འབྲེལ་བའི་མཁས་པའི་བགྲོ་གླེང་དང་པར་རིགས་འགྲེམས་སྟོན། གློག་བརྙན་གཟིགས་འབུལ། དེ་བཞིན་གསུང་བཤད་སོགས་གོ་སྒྲིག་ཞུས་པ་དེ་ཆེས་ཐོག་མ་ཆགས་ཀྱི་འདུག

Latest news