Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: March, 2016

རེས་གཟའ་ཕུར་བུ། ༢༠༡༦།༠༣།༣༡

ཉན་པ།: Listen ཕབ་ལེན། Download བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་ལ་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་བྱེད་པའི་ཉེས་འཛུགས་བྱས་འདུག བོད་ནང་བོད་མི་གསུམ་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་འབྲེལ་ནས་འཛིན་བཟུང་བྱས་པ། ཡི་ཤུའི་ཆོས་དཔོན་ནས་ཞི་ཅིང་ཕིང་ལ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དགོས་པ་བརྗོད་འདུག སྲིད་འཛིན་ཨོ་བྷ་མ་མཆོག་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པར་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༡༦་་༡༧ལོའི་སྔོན་རྩིས་གཏན་འབེབས་གནང་པ། བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱིས་མ་འོངས་པར་ནད་གཞི་སྔོན་འགོག་གྱི་ནུས་པ་སྔར་ལྷག་འབད་སྤུངས་ཞུ་རྒྱུའི་གྲོས་ཆོད། Thursday 31/03/2016 China charges Tibetan education advocate with inciting separatism 3 arrested in Tibet in connection with Tibet Election Head of Czech Catholic Church calls on Xi to respect human rights Obama urged to prioritize human rights concern with Xi TPiE in session: Parliament approves 2016-17 budget Kashag urged to put more effort on unity and Sino-Tibet dialogue 25th CCTM meeting concludes, pledges to work harder on prevention

བོད་ནང་བོད་མི་གསུམ་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་འབྲེལ་ནས་འཛིན་བཟུང་བྱས་འདུག

དེ་ཡང་ཁ་སང་ཟླ་ ༣ ཚེས་ ༣༠ ཉིན་བོད་ནང་གི་སྔ་དྲོ་ཚོུད་ ༡༠།༠༠ ཡས་མས་ཙམ་ལ་བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ། རྨ་སྟོད་རྫོང་། མཚོ་སྐྱ་རེངས་ཡུལ་མཚོ། ཆུ་མགོ་སྡེ་གསར་གྱི་སྡེ་པའི་འགོ་ཁྲིད་གཞོན་པ་བསམ་གྲུབ་ལགས་དང་རོང་ཤེར་ལགས། དེ་བཞིན་ལྷ་སྒྲོན་ལགས་བཅས་བོད་མི་གསུམ་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་བཞི་ཡོང་ནས་ཁོང་གསུམ་པོ་འཛིན་བཟུང་བྱས་འདུག འདི་ག་རླུང་འཕྲིན་ཁང་དུ་ས་གནས་བོད་མི་ཞིག་གིས་དྲ་ལམ་བརྒྱུད་ནས་འདྲ་པར་དང་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན། ཁ་སང་ཟླ་ ༣ ཚེས་ ༣༠ ཉིན་བོད་ནང་གི་ཚོུད་ ༡༠།༠༠ ཡས་མས་ཙམ་ལ་མཚོ་སྔོན་ཞེང་ཆེན་མགོ་ལོག་ཁུལ། རྨ་སྟོད་རྫོང་། མཚོ་སྐྱ་རེངས་ཡུལ་མཚོ། ཆུ་མགོ་སྡེ་གསར་གྱི་སྡེ་པའི་འགོ་ཁྲིད་གཞོན་པ་བསམ་གྲུབ་ལགས་དང་རོང་ཤེར་ལགས། ལྷ་སྒྲོན་ལགས་བཅས་བོད་མི་གསུམ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་རེད། དེ་ཡང་གཙོ་བོ་ནི་ཁོང་གསུམ་ནས་ཕྱི་ཕྱོགས་ཀྱི་སྐད་འཕྲིན་ཚོགས་པ་འདྲ་མིན་ནང་མཉམ་ཞུགས་བྱས་པ་མ་ཟད། ལྷག་དོན་འདི་ལོ་ ༢༠༡༦ ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་བཀའ་མོལ་གནང་པའི་དབང་གིས་ཡིན་པར་ས་གནས་བོད་མི་ཚོས་ཚོད་དཔག་གནང་གི་ཡོད་འདུག ད་ལྟའི་ཆར་ཁོང་གསུམ་པོ་འཛིན་བཟུང་ཟིན་རྗེས་རྫོང་མི་དམངས་ཁྲིམས་ཁང་དུ་བཀག་བསྐྱིལ་བྱས་འདུག་པ་དང། ད་ལྟ་བར་ཁོང་གསུམ་གྱི་ནང་མི་གཙོས་པའི་གཉེན་འབྲེལ་སུ་གང་ཡང་ཐུག་འཕྲད་དུ་གཏང་མེད་པ་རེད་འདུག གཞི་རྩའི་སྡེ་པའི་འགོ་ཁྲིད་བསམ་གྲུབ་ལགས་ནི་ད་ལྟ་རང་ལོ་ ༤༠ ཙམ་ཡིན་པ་དང་ལོ་མང་རིང་སྐྱ་རེངས་ཡུལ་མཚོའི་རུ་ཁག་དྲུག་པའི་འགོ་ཁྲིད་བྱས་པ་མ་ཟད། དེང་སྐབས་རུ་ཁག་དང་པོ་དང་གསུམ་པ། ལྔ་པ་བཅས་ཀྱི་རུ་སྤོས་དུད་ཁྱིམ་ ༡༥༠ ཡོད་པའི་ནང་གི་འགོ་ཁྲིད་གཞོན་པ་ཞིག་ཡིན་པ་རེད། དེ་བཞིན་ལྷ་སྒྲོན་ལགས་ནི་རྣམ་རྒྱལ་ཚང་གི་བུ་མོ་ཡིན་ཞིང་ཁོང་ལ་ལོ་ན་ ༨ སོན་པའི་བུ་ཚེ་རྒྱམ་དང་ལོ་ན་ ༡༡ སོན་པའི་བུ་མོ་དར་དཀར་བཅས་ཕྲུ་གུ་གཉིས་ཡོད་པ་རེད། གཞན་ཡང་རོང་ཤེར་ལགས་ནི་ད་ལྟ་རང་ལོ་ ༢༩ སོན་ཡོད་པ་དང་ཁོང་གི་བཟའ་ཟླའི་མིང་ལ་དབྱངས་སྐྱིད་ཟེར་བ་དང་ཁོང་གཉིས་ལ་བུ་ཕྲུག་སོགས་མེད་པ་རེད།

བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་ལ་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་བྱེད་པའི་ཉེས་འཛུགས་བྱས་འདུག

དེ་སྔ་རྒྱ་ནག་གཞུང་ལ་བོད་ཀྱི་སྐད་ཡིག་བདག་དབང་ཆེད་ཞུ་གཏུག་གི་རྩོམ་ཡིག་སྤེལ་མཁན་བོད་མདོ་ཁམས་ཡུལ་ཤུལ་ཁུལ་གྱི་བོད་མི་བཀྲིས་དབང་ཕྱུག་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པ་དང་། ད་ཆ་རྒྱ་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་བྱེད་པའི་ཉེས་འཛུགས་ཀྱང་བྱས་འདུག དེ་ཡང་ཁ་སང་ཨ་རིའི་ནེའུ་ཡོག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གསལ་མི་སུ་འདྲ་ཞིག་འཛིན་བཟུང་བྱ་རུང་ཚོུད་ ༢༤ ནང་ཚུད་དོ་བདག་གི་ནང་མིར་བརྡ་ལན་སྤྲད་དགོས་ཀྱི་ཡོད་པ་ལྟར། བཀྲིས་དབང་ཕྱུག་ལགས་ཕྱི་ཟླ་ ༡ པོའི་ཟླ་མཇུག་ཏུ་འཛིན་བཟུང་བྱས་ཟིན་རྗེས་ཟླ་གཅིག་གི་རྗེས་སུ་ནང་མིར་བརྡ་ལན་ཞིག་བྱས་འདུག་ཀྱང་། ཁོང་གི་ནང་མི་ཚོ་དང་ཐུག་འཕྲད་བྱ་བཅུག་མེད་པ་རེད་འདུག ཟླ་འདིའི་ཚེས་ ༢༤ ཉིན་རྒྱ་གཞུང་ཉེན་རྟོག་པས་ཁོང་གི་ནང་མི་རྣམས་ལ། བཀྲིས་དབང་ཕྱུག་ལགས་ད་ལྟ་ཡུལ་ཤུལ་ཁུལ་གྱི་ཉེན་རྟོག་ལས་ཁུངས་སུ་བཀག་བསྐྱིལ་བྱས་ཡོད་པ་མ་ཟད། ད་ཆ་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་བྱེད་པའི་ཉེས་མིང་འོག་བཙོན་འཇུག་བྱས་ཡོད་སྐོར་གྱི་ཡི་གེ་ཞིག་ནང་མིར་སྤྲད་ཡོད་འདུག ཡི་གེ་དེའི་ཐོག་ཟླ་འདིའི་ཚེས་ ༤ འཁོད་ཡོད་པ་རེད་འདུག གནས་ཚུལ་ཐོན་ཁག་ལ་གཞིགས་ན་ཁོང་ལ་མི་ལོ་ ༡༥ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ངེས་ཡིན་འདུག འོན་ཀྱང་ད་ལྟའི་གཏུག་བཤེར་གྱི་ཟླ་ཚེས་གཏན་འཁེལ་མེད་པ་རེད། ད་ལྟའི་ཆར་ཁོང་གི་ནང་མི་ཚོར་ཁྲིམས་རྩོད་པ་མ་རག་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་ཐོག་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་དོ་སྣང་ཤུགས་ཆེ་བྱེད་བཞིན་ཡོད་པ་ལྟར། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཀྱང་ཁོང་གི་གནད་དོན་སྐོར་གསལ་པོ་ཤེས་ཀྱི་ཡོད་པ་དང་། ཁེ་ན་ཌའི་སྨྲ་བརྗོད་རང་དབང་གི་གསར་འགོད་པའི་ཚོགས་པའི་སྐུ་ཚབ་ཞིག་གིས་གསུངས་དོན། ཁོང་རྣམས་ནས་བཀྲིས་དབང་ཕྱུག་ལགས་འཕྲལ་དུ་ཀློད་བཀྲོལ་བཏང་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་ཞིག་དབུ་འཛུག་གནང་ཟིན་ཡོད་པ་གསུངས་ཡོད། དེ་བཞིན་ད་རེས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཨ་རིར་སླེབས་ཀྱི་ཡོད་པ་དང་བསྟུན། སྲིད་འཛིན་ཨོ་བྷ་མས་ཀྱང་ཁོང་གི་གནད་དོན་སྐོར་ཞི་ཅིང་ཕིང་གི་ལྷན་དུ་གླེང་སློང་ཡང་གནང་སྲིད་སྐོར་འཁོད་འདུག གཞི་རྩའི་བོད་མདོ་ཁམས་ཡུལ་ཤུལ་ཁུལ་ནས་ཡིན་པའི་རང་ལོ་ ༣༠ སོན་པའི་བོད་མི་ཚོང་གཉེར་བ་ན་གཞོན་བཀྲིས་དབང་ཕྱུག་ལགས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༧ ཉིན་ཡུལ་ཤུལ་ས་གནས་ཉེན་རྟོག་པས་ཁྲིམས་མཐུན་ལྟར་སྔོན་ཚོད་ནས་བརྡ་ལན་གང་ཡང་མེད་པར་བཙན་ཁྲིད་ཀྱིས་འཛིན་བཟུང་བཀག་ཉར་བྱས་པ་ཞིག་ཆགས་ཀྱི་འདུག དེ་སྔ་ཁོང་གིས་བོད་ཀྱི་སྐད་ཡིག་བདག་དབང་རྩོད་ལེན་སླད་ས་གནས་སྲིད་གཞུང་དང། རྗེས་སུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕྱིན་ནས། ཁྲིམས་ཁང་དང། དབུས་བརྙན་འཕྲིན་ལས་ཁང་བཅས་ལ་ཞུ་གཏུགས་ལན་མང་བྱས་ནས་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཡོང་བར་འབད་བརྩོན་ལྷོད་མེད་ཞུས་ཀྱང་དོན་འབྲས་གང་ཡང་སོན་མེད་པ་རེད། རྗེས་སུ་ཁོང་གིས་སྔ་ལོའི་ཕྱི་ཟླ་ ༡༡ ཉིན་’’བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་བོད་མིའི་དཀའ་སྤྱད་འགོག་རྒོལ་’’ཞེས་པའི་རྩོམ་ཡིག་དེ་ཨ་རིའི་ནེའུ་ཡོག་གསར་ཁང་གི་ས་གནས་གསར་འགོད་པ་ Edward Wong ལགས་ཀྱིས་སྤེལ་ཡོད་པ་རེད་འདུག རྩ་བའི་བོད་མི་བཀྲིས་དབང་ཕྱུག་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ལོར་ས་གནས་རྒྱ་གཞུང་གི་ལས་བྱེད་པས་བོད་མིའི་ས་ཆ་བཙན་འཕྲོག་བྱས་པའི་གནད་དོན་ཐོག་དྲ་རྒྱར་མཆན་བཀོད་གནང་པ་དང་། དེ་བཞིན་རྒྱ་གར་དུ་གནས་སྐོར་དུ་བསྐྱོད་ཐབས་བྱས་པ་བཅས་རྒྱ་གཞུང་གིས་སྔ་རྗེས་སུ་ཐེངས་གཉིས་ཙམ་འཛིན་བཟུང་བྱས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༡༦་་༡༧ལོའི་སྔོན་རྩིས་གཏན་འབེབས་གནང་པ།

དེ་རིང་ཟླ་ ༣ ཚེས་ ༣༡ ཉིན་གྱི་སྔ་དྲོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ལས་ཉིན་བཅུ་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༦་་་་༡༧ ལོའི་ལས་ཁུངས་མ་ལག་དང་བཅས་པའི་དགོས་དངུལ་སྔོན་རྩིས་བཀའ་འཁྲོལ་ཐོབ་པ་སྒོར་ས་ཡ་ ༢,༢༤༠,༤༨༢,༤༨༡ གཏན་འབེབས་གནང་སོང། དེ་ཡང་སྐབས་ ༡༥ པའི་བོད་ཀྱི་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་གྲོས་ཚོགས་ཚོགས་བཞིན་ཡོད་པའི་དུས་ཡུན་དེ་དག་གི་ནང་གཙོ་བོ་གྲོས་ཚོགས་སུ་ཚོགས་གཙོ་སྦྲེལ་པོ་དབུ་བཞུགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༡༦་་༡༧ལོའི་ལས་ཁུངས་མ་ལག་དང་བཅས་པ་གོ་རིམ་བཞིན། ལོ་འཁོར་མོ་གཅིག་གི་ནང་དགོས་དངུལ་སྔོན་རྩིས་གྲོས་ཚོགས་སུ་འཆར་འབུལ་དང་། དེའི་ཐོག་སྤྱི་འཐུས་རྣམས་བགྲོ་གླེང་དང་གཏན་འབེབས་གནང་ཡོད་པ་རེད། དེ་རིང་སྔ་དྲོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ལས་ཉིན་བཅུ་པའི་ཐོག་འདི་ལོའི་བོད་མི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་༢༠༡༦་་༡༧ལོའི་མ་དངུལ་རྒྱུན་གྲོན་དང་། དམིགས་བསལ། དེ་བཞིན་ཟུར་བཀོལ་བཅས་ཀྱི་ཕྱོགས་བསྡོམས་འགྲོ་འཆར་ཧིན་སྒོར་ས་ཡ་ ༢,༢༤༠,༤༨༢,༤༨༡ ལྷག་རེད་འདུག་པ་དང། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་འཁྲོལ་ཁོངས་སུ་སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་ས་འཐུས་མེད་པའི་ས་གནས་ཁག་ལྔ།   དེ་བཞིན་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མངོན་དགའ་སློབ་གྲྭ་དང་སྨན་ཁང་ ༢ བཅས་ཀྱི་འདི་ལོའི་ཕྱོགས་བསྡོམས་འགྲོ་འཆར་ནི་ཧིན་སྒོར་ས་ཡ་ ༤༧, ༣༡༧, ༡༤༢ ལྷག་ཆགས་ཀྱི་འདུག ཤེས་རྟོགས་བྱུང་བ་གཞིགས་ན། སྔ་ལོའི་གྲོས་ཚོགས་ནས་གཏན་འབེབས་ཟིན་པའི་སྔོན་རྩིས་དང་བསྡུར་ན་འདི་ལོའི་སྔོན་རྩིས་སྒོར་ས་ཡ་ ༢༢༢ ལྷག་གི་འགྲོ་གྲོན་འཕར་བབ་བྱུང་འདུག གཞི་རྩའི་འདི་ལོའི་ལོ་འཁོར་མོ་གཅིག་གི་བོད་མི་སྒྲིག་འཛུགས་ཀྱི་ལས་དོན་འཆར་སྒྲིག་དང་དགོས་དངུལ་སྔོན་རྩིས་འཆར་འབུལ་ཞུས་པ་ལ་གཞིགས་ཚེ།  བོད་ཕྲུག་ཀྱི་ཤེས་ཡོན་ཡར་རྒྱས་ཀྱི་ལས་དོན་ཆེད་སྒོར་ས་ཡ་ ༧༩༧ ལྷག་དང་། རྒྱལ་སྤྱིའི་འབྲེལ་ལམ་དང་རྒྱབ་སྐྱོར་གོང་མཐོར་གཏོང་ཐབས། བོད་ནང་གི་བོད་མི་ཚོའི་བདེ་ཐབས་ཡར་རྒྱས་བཅས་ཀྱི་ཆེད་དུ་སྒོར་ས་ཡ་ ༤༠༣ ལྷག་ཡིན་པ་དང་། དེ་བཞིན་ནད་རིགས་སྔོན་འགོག་གི་གཙོས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་ཆེད་དུ་སྒོར་ས་ཡ་ ༡༥༠ ལྷག  ཆབ་སྲིད་ལས་འཆར་ཁྲོད་ནས་གཉིས་སྨན་དབུ་མའི་ལམ་གྱི་ལས་དོན་རྒྱུན་སྐྱོང་དང་།  བོད་མི་ཉམས་ཐག་ལྟ་སྐྱོང་སོགས་ཀྱི་ལས་འཆར་ལ་སྒོར་ས་ཡ་ ༨༨ ལྷག  བོད་ནས་ཕེབས་མཁན་ཚོར་སྣེ་ལེན་དང་ཤེས་ཡོན། འཚོ་རྟེན་སོགས་ཀྱི་ཆེད་སྒོར་ས་ཡ་ ༡༢༠ ལྷག་ཡིན་འདུག་པ་དང་།  བེུད་ཀྱི་ནུས་ཤུགས་གོང་འཕེལ་དང་དཔལ་འབྱོར་གནས་བབ་རང་ཚུགས་ཡོང་བ་སོགས་ཀྱི་ཆེད་དུ་སྒོར་ས་ཡ་ ༡༣ ལྷག་གི་སྔོན་རྩིས་འཆར་འབུལ་ཞུས་འདུག

རེས་གཟའ་ལྷག་པ། ༢༠༡༦།༠༣།༣༠

ཉན་པ།: Listen ཕབ་ལེན། Download བོད་མདོ་སྨད་རེབ་གོང་རོང་བོ་དགོན་ཆེན་ནང་༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱ་མི་ཆོག་པའི་དམ་དྲག་བྱེད་བཞིན་པ། བོད་མི་ཆབ་སྲིད་བཙོན་པ་གློད་བཀྲོལ་བཏང་ཀྱང་དགོན་པར་སླར་ཞུགས་མི་ཆོག་པའི་བཙན་བཀའ་བཏང་འདུག འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་བར་ཨ་རི་དང་རྒྱ་ནག་གཉིས་དབར་འབྲེལ་མོལ་གནང་ཐབས་བྲལ་ཡོད་སྐོར་གསུངས་པ། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཞི་ཅིང་ཕིང་ལ་ངོ་རྒོལ་གྱི་རྣམ་འགྱུར་སྟོན་འདུག རྒྱ་གར་ BJP ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ཞིག་གིས་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་གནང་པ། སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་ ༧ སྙན་ཐོ་འདོན་སྤེལ་གནང་སོང། རྒྱ་གར་ལྷོ་ཕྱོགས་སུ་གཞོན་ནུ་ལྷན་ཚོགས་ནང་ཁུལ་སྒྲིག་འཇགས་ཡོང་ཐབས་ཀྱི་ཚོགས་འདུ་ཚོགས་པ། རྡ་སར་དྲན་གསོ་ཞེས་པའི་བོད་ཀྱི་གློག་བརྙན་དབུ་འབྱེད་གནང་པ། Wednesday 30/03/2016 China slaps new constraints on Tibetan Buddhist monasteries Tibetan political prisoner released but barred from entering one’s monastery Chris Smith: Sidelining human rights, a strategic mistake the US cannot afford to make Czech opposition puts up Tibetan flag from parliament windows BJP MP Adityanath expresses pain for Tibet TPiE in session: Public account committee presents report TYC reconciliation meeting in South India India premier of Tibetan film ‘Drensol’: Dharamsala

བོད་མདོ་སྨད་རེབ་གོང་རོང་བོ་དགོན་ཆེན་ནང་༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱ་མི་ཆོག་པའི་བཙན་བཀའ་བཏང་འདུག

རྒྱ་གཞུང་གིས་བོད་མདོ་སྨད་རེབ་གོང་རོང་བོ་དགོན་ཆེན་གྱི་ལྷ་ཁང་དང་འདུ་ཁང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱ་ཚེ་དགོན་པ་ནས་ཕྱིར་འབུད་གཏོང་རྒྱུ་ཡིན་པ་དང་། ལྷག་དོན་ཚབས་ཆེན་ཡིན་རིགས་ལྷ་ཁང་འདུ་ཁང་སོགས་གང་ཡིན་དེ་སྒོ་རྒྱག་རྒྱུ་ཡིན་པར་བཀའ་རྒྱ་བཏང་འདུག རེབ་གོང་རོང་བོ་དགོན་ཆེན་གྱི་དོ་དམ་ལྷན་ཁང་དང་དམངས་གཙོ་དོ་དམ་ལྷན་ཁང་ཟེར་བའི་འབྲེལ་ཡོད་ལས་བྱེད་ཚོར་དོན་ཚན་བཞི་ཅན་གྱི་བཀའ་རྒྱ་ཞིག་ཡོངས་བསྒྲགས་ཤིག་བཏང་ཡོད་པ་རེད། དེ་ཡང་བཀའ་རྒྱ་ནང་འཁོད་དོན། དགོན་པའི་འདུ་ཁང་དང་ལྷ་ཁང་སོགས་ཀྱི་ནང་དུ་༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱ་མི་ཆོག་པ་དང་གལ་ཏེ་དེ་ལྟར་གནང་ཡོད་ཚེ་གང་ཟག་དེ་དགོན་པ་ནས་ཕྱིར་འབུད་གཏོང་རྒྱུ་མ་ཟད། ཉེན་རྟོག་པར་རྩིས་སྤྲོད་ཀྱིས་ཐག་གཅོད་བྱ་རྒྱུ་དང་། ལྷག་དོན་གནས་ཚུལ་ཚབས་ཆེན་ཡིན་ན་ལྷ་ཁང་དང་འདུ་ཁང་སྒོ་བརྒྱབ་ནས་དགོན་པའི་ཁྲིམས་འགལ་བྱ་སྤྱོད་ལ་དག་ཐེར་ནན་པོ་བྱ་རྒྱུ་ཡིན་པ་བཅས་འཁོད་འདུག བརྡ་ཁྱབ་དེའི་ནང་གནད་དོན་གཞན་ཁག་ཅིག་འཁོད་དོན། དོ་དམ་མི་སྣས་དགོན་པའི་དོ་དམ་ལྷན་ཁང་དང་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཐད་ཀར་སྟངས་འཛིན་འོག་བྱ་བ་སྤེལ་དགོས་པ་དང་། སྒྲིག་སྲོལ་ལམ་ལུགས་སོ་སོར་བརྩི་སྲུང་ནན་པོ་བྱ་དགོས་པ། དགོན་པའི་དོ་དམ་མི་སྣ་འཕོ་འགྱུར་སྐབས་རྒྱ་གཞུང་ཨུ་ཡོན་ལྷན་ཁང་ལ་ཡིག་ཐོག་གི་ལམ་ནས་མིང་རྟགས་བཀོད་དེ་སྙན་གསེང་ཞུ་དགོས་པ་མ་ཟད། དོ་དམ་མི་སྣས་ལྷ་ཁང་དང་འདུ་ཁང་གི་བདེ་འཇགས་སོགས་ལ་གཟབ་ནན་གྱིས་ལེགས་སྲུང་བྱ་དགོས་པ་སོགས་དོན་ཚན་ཁག་ཅིག་འཁོད་འདུག རྩ་བའི་རྒྱ་གཞུང་གིས་རེབ་གོང་དགོན་ཆེན་ནང་དེ་ལྟ་བུའི་བཙན་གནོན་བྱ་འགུལ་སྤེལ་བ་དེ་ད་ལན་ཐེངས་དང་པོ་ཙམ་མ་ཡིན་པར། འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་འདུན་པ་ ༣༠༠༠ ལྷག་བཙན་དབང་གིས་བསྐོང་འགུག་བྱས་ཏེ། དགོན་པར་དམངས་གཙོ་ཁྲིམས་སྐྱོང་དགོན་པ་འཛུགས་བསྐྲུན་དང་གཅེས་སྐྱོང་དག་ཐེར་བྱ་འགུལ་སྔར་ལས་གཏིང་ཟབ་སྤེལ་བའི་སྐུལ་སློང་ཚོགས་འདུ་ཞེས་པའི་མིང་བྱང་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཁྱབ་སྤེལ་དང་གཙོ་བོ་དགོན་པའི་ནང་གཙང་སེལ་ཡོང་བའི་ཆབ་སྲིད་ལས་འགུལ་ཞིག་རོང་བོ་གྲོང་སྡེའི་རྐང་རྩེད་སྦོ་ལོའི་རྩེད་ཐང་དུ་བཙན་དབང་གིས་སྤེལ་ཡོད་པ་རེད་འདུག

ཨ་རིའི་ཝར་མོནྜ་མངའ་སྡེའི་གྲོས་ཚོགས་འོག་མའི་ནང་དབུ་མའི་ལམ་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ།

ཟླ་བ་འདིའི་ཚེས་ ༡༠ སྟེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༧ སྲུང་བརྩི་དང་བསྟུན། ཨ་རིའི་ཝར་མོནྜ་མངའ་སྡེའི་གྲོས་ཚོགས་འོག་མའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Rep. Maida Townsend མཆོག་གིས་ཐུགས་འགན་གཙོ་བཞེས་དང་འདི་བཞིན་གྲོས་ཚོགས་འཐུས་མི་ ༣༩ ཡིས་རྒྱབ་སྐྱོར་ཐོག་བོད་ཀྱི་གནད་དོན་སེལ་ཕྱིར་རྒྱ་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་བར་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་མཐུད་གང་མགྱོགས་ཞུ་དགོས་པའི་བོད་དོན་གྱི་གྲོས་ཆོད་བཞག་ཡོད་པ་རེད། གྲོས་ཆོད་ནང་འཁོད་དོན་ལ། ཁྲིམས་བཟོ་ལྷན་ཁང་འདིས་ཨ་རིའི་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན་བོད་མི་ཨ་རིའི་མི་སེར་ཡིན་པ་རྣམས་འགྲོ་སྐྱོད་ཀྱི་རང་དབང་ཐད་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་གནང་བཞིན་པ་དེར་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། ལྷག་དོན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནས་ཕྱི་ལོ་ ༢༠༡༠ ལོ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་མཚམས་འཇོག་བྱས་པ་དེ་བསྐྱར་མཐུད་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་འོག་བོད་མི་ཚོ་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་སྤྲོད་ཐབས་གནང་དགོས་པ་དང་། དེ་བཞིན་བོད་མི་དང་རྒྱ་རིགས་མིན་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་ཨ་རིའི་གཞུང་གིས་དམིགས་བསལ་ཆེ་མཐོང་སྤྲོད་རྒྱུ་དེ་གལ་ཆེར་བརྩིས་པའི་ཆ་རྐྱེན་དེའི་ཐོག་རྒྱ་ནག་གཞུང་དང་འབྲེལ་བ་བྱ་རྒྱུའི་ལངས་ཕྱོགས་དེར་རྒྱབ་སྐྱོར་ཞུ་རྒྱུ། བོད་མཐོ་སྒང་གི་ས་ཁུལ་དུ་ཡུན་གནས་ཐུབ་པའི་ཡར་རྒྱས་ལས་གཞི་སྤེལ་དགོས་པ་དང་། བོད་མིའི་ཐོུང་མི་པའི་རིག་གཞུང་རྒྱུན་འཛིན་ཐོག་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་གནང་པ་དང་སྦྲགས། བོད་མཐོ་སྒང་གི་ཁོར་ཡུག་ཧ་ཅང་གནད་འགག་ཆེན་པོར་ངོས་འཛིན་ཞུས་ཏེ་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་སྤྲད་རྒྱུའི་ཐད་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སོགས་འཁོད་ཡོད། གྲོས་ཆོད་དེའི་ནང་གནད་དོན་གཞན་ཁག་ཅིག་འཁོད་དོན། བོད་ལ་ཡུན་རིང་ནས་ཕྱུག་པའི་ཆོས་དང་ལེགས་སྦྱང། རྒྱལ་རབས་ལོ་རྒྱུས་སོགས་ཡོད་པ་དེར་ངོས་འཛིན་ཞུས་པ་དང་སྦྲགས། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ས་བཙན་འཛུལ་བྱས་པ་ཞིག་ལ་ངོས་འཛིན་ཞུ་རྒྱུ་དང་། རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་རྗེས་བོད་མིའི་རང་དབང་དང་ལོ་རྒྱུས་ཀྱི་ཁྱད་ནོར་དེ་དག་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཚབས་འཕྲད་བཞིན་ཡོད་པ་ངོས་ལེན་ཞུ་བཞིན་ཡོད། ཅེས་འཁོད་འདུག གྲོས་ཆོད་དེའི་འདྲ་བཤུས་ཡིག་ཆ་གཅིག་ཨ་རིའི་སྐུ་ཚབ་དོན་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་ཨོ་བྷ་མ་མཆོག ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་། དེ་བཞིན་ཝར་མོནྜ་གྲོས་ཚོགས་འཐུས་མི་རྣམས་ལ་འགྲེམས་སྤེལ་གནང་ཡོད་པ་རེད། གཞི་རྩའི་ཝར་མནྜ་མངའ་སྡེའི་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་བཞག་པ་དེ་ད་ལན་ཐེངས་དང་པོ་ཞིག་མ་ཡིན་པར་དེ་སྔ་ཕྱི་ལོ་ ༢༠༠༨ ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོ་སྐབས་དང་། དེ་རྗེས་ཕྱི་ལོ་ ༢༠༠༩ ལོར་བོད་ས་ཡོངས་རྫོགས་རྒྱ་གཞུང་གིས་དབང་བསྒྱུར་ཟིན་ནས་ལོ་ ༥༠ འཁོར་བའི་དུས་དྲན་ཉིན་མོ་དང་བསྟུན་ཏེ་མངའ་སྡེ་དེའི་གྲོས་ཚོགས་གོང་འོག་གཉིས་ནང་གྲོས་ཆོད་ཁག་ཅིག་གཏན་འབེབས་གནང་མྱོང་ཡོད་པ་རེད་ལ། ད་རེས་འདི་ཐེངས་གསུམ་པ་དེ་ཆགས་ཀྱི་འདུག རྩ་བའི་ཨ་རིའི་ཝར་མོནྜ་མངའ་སྡེའི་གྲོས་ཚོགས་འོག་མའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Rep. Maida Townsend མཆོག་ནས་ཐུགས་འགན་གཙོ་བཞེས་ཀྱིས་གྲོས་ཆོད་བཏོན་པ་དེར་གྲོས་ཚོགས་འཐུས་མི་ ༣༩ ཡིས་རྒྱབ་སྐྱོར་གནང་པ་ཞིག་རེད།

རེས་གཟའ་མིག་དམར། ༢༠༡༦།༠༣།༢༩

ཉན་པ།: Listen ཕབ་ལེན། Download སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་ཐོག་བོད་དོན་ལ་ཁ་ཕྱོགས་འགྱུར་འགོ་བཙུགས་ཚར་བ་རེད་ཅེས་གསུངས་འདུག ༸གོང་ས་མཆོག་གི་དབྱིན་ཡུལ་ནང་གི་མཛད་འཆར་ཁག་ཅིག་ཕྱིར་འཐེན་གནང་པ། གྲྭ་ཁྲི་བཙན་ལགས་བཙོན་གྲོལ་ཐོབ་འདུག ཞི་ཅིང་ཕིང་ལ་ངོ་རྒོལ་གྱིས་ཕེབས་བསུ་བྱས་པ། བོད་རིགས་རྣམས་རྡོག་རྩ་གཅིག་སྒྲིལ་གནང་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་སྩལ་འདུག ཨ་རིའི་ཝར་མོནྜ་གྲོས་ཚོགས་སུ་བོད་རྒྱ་གྲོས་མོལ་བསྐྱར་གསོ་དགོས་པའི་གྲོས་ཆོད་གཏན་འབེབས། མི་ནི་སོ་ཌའི་གཙུག་ལག་སློབ་གྲྭ་ཆེན་མོར་བོད་རྒྱ་འབྲེལ་མོལ་སྐོར་བགྲོ་གླེང་། སྦེལ་ཀོབ་ལྷ་མོ་ཚོགས་པས་ལྷ་གཞུང་གཟིགས་འབུལ། Tuesday 29/03/2016 TPiE in session: Sikyong speaks on collective responsibility on shortcomings Dalai Lama’s UK visit cancelled Tibetan political prisoner released in Golok Xi Jinping arrives in Prague amid Tibetan protests Sakya Dagtri Rinpoche gives teaching in Delhi, speaks on importance of unity Vermont House supports improved access to Tibet, and resumption of Sino-Tibet dialogue

༸གོང་ས་མཆོག་གི་དབྱིན་ཡུལ་ནང་གི་མཛད་འཆར་ཁག་ཅིག་ཕྱིར་འཐེན་གནང་འདུག

དེ་ཡང། དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ Skoll Foundation and the Skoll Centre for Social Entrepreneurship ཞེས་པའི་ཚོགས་པའི་གོ་སྒྲིག ཁུལ་དེའི་ Oxford གཙུག་ལག་སློབ་གཉེར་ཁང་དུ་ Skoll འཛམ་གླིང་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་པ་དང། གླེང་སྟེགས་དེ་བཞིན། རྒྱལ་སྤྱིའི་ནང་ཚོང་ལས་རིག་གསར་གྱི་མཁས་པ་དང་མང་ཚོགས་ལ་སེམས་འགུལ་བྱིན་ཐུབ་མཁན་གྱི་མཁས་ལས་མི་སྣ་ཁག་ཅིག་གདན་ཞུས་ཕུལ་ནས་འཛམ་གླིང་ནང་གི་ཆེས་ཛ་དྲག་དང་ཡང་ང་བའི་དཀའ་ངལ་ཁག་སེལ་ཐབས་སྐོར་གོ་བསྡུར་སྦྱང་བཤད་སོགས་གནང་གི་ཡོད་པ་རེད། འདི་ལོའི་ལྷན་ཚོགས་དེ་བཞིན་ཟླ་བ་རྗེས་མའི་ཚེས་ ༡༣ ཉིན་ཚོགས་གཏན་འཁེལ་འདུག་པ་དང་སྐབས་དེར་ཚོང་ལས་མཁས་པ་དང་སྒྱུ་སྩལ་བ། ཉམས་ཞིབ་པ་དང་གསར་འགོད་པ་སོགས་འཛམ་གླིང་རྒྱལ་ཁབ་ཁག་མི་འདྲབ་ ༦༠ ལྷག་གི་ཤེས་ལྡན་མི་སྣ་ལྷན་འཛོམས་བྱུང་གི་འདུག ཁྱད་པར་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོགས་འདུའི་ཚོགས་དགོན་དུ་ཆིབས་བསྒྱུར་མཛད་རྒྱུ་དང། ཚེས་ ༡༥ ཉིན་མགོན་པ་༸གང་ཉིད་མཆོག་ Dalai Lama Centre for Compassion དང།  དབྱིན་ཡུག་གྱི་རྒྱལ་ས་ London ནང་དུ་རྟེན་གཞི་བྱས་པའི་ Barbican Centre བཅས་ལ་བྱམས་བརྩེ་ལག་བསྟར་གནང་ཕྱོགས་སོགས་དམིགས་བསལ་གྱི་བཀའ་སློབ་བཀྲིན་བསྩལ་རྒྱུའི་མཛད་འཆར་ཁག་ཅིག་བཀོད་སྒྲིག་གནང་འདུག་ཀྱང། ༸གང་ཉིད་མཆོག་ལ་སྨན་པས་༸སྐུའི་འཕྲོད་བཞེས་སླད་སྐུ་ངལ་གསོ་བཞུགས་མཛད་དགོས་པའི་ལམ་སྟོན་ཕུལ་བ་ལྟར་ཁུལ་དེའི་མཛད་འཆར་ཁག་ཕྱིར་འཐེན་གནང་འདུག

Latest news