Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ་གནང་འདུག་པ་དང། ཁུལ་དེའི་གཞུང་འབྲེལ་ཕྱོགས་ཕེབས་དེ་ཆབ་སྲིད་ཀྱི་ཆ་ནས་ནུས་པ་ཐོན་པ་ཞིག་ཏུ་འགྱུར་བཞིན་འདུག

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁ་ཉིན་ཕྱི་ཚེས་ ༧ དང་ཚེས་ ༨ ཉིན་ལྷོ་ཨ་ཕི་རི་ཀའི་མང་གཙོ་ཚོགས་པའི་གཙོ་འཛིན་དང་ཡུལ་དེའི་གྲོས་ཚོགས་འཐུས་མི། སྐུ་ཞབས་ Steenhuisen ལགས་དང་། Sandy Kalyan ལགས། དེ་བཞིན་ཨི་ཐི་ཀ་ཆབ་སྲིད་ཚོགས་པའི་གཙོ་འཛིན་དང་ཚོགས་པ་གསར་འཛུགས་གནང་མཁན་རྒྱལ་སྲས་ Mangosuthu Buthelezi མཆོག་གིས་གཙོས་པའི་རྒྱལ་ཁབ་དེའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་འདུག

མཇལ་མོལ་སྐབས་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དེའི་འོག་ད་བར་བོད་མི་ ༡༥༡ ནས་རང་ལུས་མེར་བསྲེགས་གནང་ཡོད་པ་ངོ་སྤྲོད་དང་སྦྲགས། རྒྱ་གཞུང་གིས་དེང་སྐབས་ One Belt Road ས་བརྒྱུད་གཅིག་ལ་ལམ་བརྒྱུད་གཅིག་ཞེས་པའི་རྒྱལ་སྤྱིའི་ཁྲོད་དཔལ་འབྱོར་སྟོབས་ཤུགས་རྒྱ་སྐྱེད་ཀྱི་སྲིད་བྱུས་དེ་ནི་རྒྱ་གཞུང་གིས་དེ་སྔ་བོད་ལ་ལམ་ཁ་གསར་རྒྱག་གི་ལས་གཞི་སྤེལ་ནས་བོད་ས་ཁྱོན་ལ་དབང་སྒྱུར་བྱས་པའི་ཐབས་བྱུས་དང་གཅིག་མཚུངས་ཡིན་སྐོར་དྲན་སྐུལ་གནང་ཡོད།

ལྷག་པར་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མཇལ་མོལ་དེའི་བརྒྱུད་གྲོས་ཚོགས་འཐུས་མི་རྣམས་ལ་ཡུལ་དེའི་གྲོས་ཚོགས་ནང་གྲོས་ཚོགས་བོད་རྒྱབ་སྐྱོར་ཚོགས་ཚུང་ཞིག་ཆེད་འཛུགས་གནང་རྒྱུར་དམིགས་བསལ་འགན་བཞེས་ཡོང་བར་འབོད་སྐུལ་ཞུས་པ་དང་ཆབས་ཅིག ཁོང་རྣམས་བཞུགས་སྒར་རྡ་རམ་ས་ལར་གདན་ཞུ་ཕུལ་འདུག

བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་ཁ་སང་ཕྱི་ཚེས་ ༨ ཉིན་ཡུལ་དེའི་རྒྱལ་ས་ Pretoria ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་ནས་སྲིད་སྐྱོང་མཆོག་ཡུལ་དེའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བར་མི་འདོད་པའི་རྣམ་འགྱུར་བསྟན་པ་དང་འབྲེལ། ལྷོ་ཨ་ཕི་རི་ཀའི་གཞུང་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་འགལ་བྱས་པ་ཞིག་དང། ལྷག་པར་དུ་རྒྱལ་ཁབ་ཕྱོགས་གཉིས་པོའི་ཆབ་སྲིད་ཀྱི་འབྲེལ་ལམ་ལ་སྣང་ཆུང་བཏང་བ་དེས་མ་འོངས་པར་རྒྱ་ནག་གཞུང་ནས་ཡུལ་དེའི་ནང་མ་དངུལ་གཏོང་ལས་ཁག་ལ་དོ་ཕོག་འགྲོ་ངེས་ཡིན་པར་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག

འོན་ཀྱང་ལྷོ་ཨ་ཕི་རི་ཀའི་གཞུང་ནས་རྒྱ་ནག་གཞུང་གི་སྐྱོན་བརྗོད་ཐད་ལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ད་ལན་ཡུལ་དེའི་ཨི་ཀ་ཐ་རང་དབང་ཆབ་སྲིད་ཚོགས་པ་ནས་མགྲོན་འབོད་གནང་བ་ཞིག་པ་དང་། སྲིད་སྐྱོང་མཆོག་ཀྱང་ཨ་རིའི་མི་སེར་ལག་ཁྱེར་ཐོག་ནས་ཕེབས་པ་ཞིག་ཡིན་སྟབས། ལྷོ་ཨ་ཕི་རི་ཀའི་ནང་དུ་འཛུལ་བཞུགས་གནང་བར་ངེས་པར་དུ་མཐོང་མཆན་ཞུ་དགོས་ཀྱི་མེད་ཅེས་ལམ་འདེབས་གནང་ཡོད།

གཞན་ཡང་རྒྱ་ནག་གཞུང་ནས་ད་ལན་ལྷོ་ཨ་ཕི་རི་ཀའི་རྒྱལ་ས་ Pretoria ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་ནས་སྲིད་སྐྱོང་མཆོག་གི་ཁུལ་དེའི་ནང་གི་གཞུང་འབྲེལ་ཕྱོགས་ཁག་ལ་དངོས་ཤུགས་བརྒྱུད་གསུམ་ནས་འགོག་རྐྱེན་བཟོ་ཐབས་བྱས་འདུག་པ་མ་ཟད། ཁ་སང་རྒྱ་གཞུང་ནས་ཁུལ་དེའི་ནང་གི་ Stellebosch གཙུག་ལག་སློབ་ཁང་ལ་སྲིད་སྐྱོང་མཆོག་གི་གཏམ་བཤད་ལས་རིམ་ཞིག་ཡོད་པ་དེ་ཕྱིར་འཐེན་གནང་དགོས་པར་བཙན་བཀའ་བཏང་བའི་གནས་ཚུལ་ཐོན་འདུག

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ཐེངས་འདིའི་ལྷོ་ཨ་ཕི་རི་ཀ་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ལྷོ་ཨ་ཕི་རི་ཀའི་ daliy Mavirick གསར་ཁང་གི་བཅར་འདྲི་སྐབས་རྒྱ་གཞུང་གིས་དེང་སྐབས་འཛམ་གླིང་ཁྲོད་སྤེལ་བཞིན་པའི་འཛུགས་སྐྲུན་ལས་གཞི་དང་དཔལ་འབྱོར་སྟོབས་ཤུགས་རྒྱ་སྐྱེད་ཀྱི་ཐབས་བྱུས་དེའི་འོག་མ་འོངས་པར་ཨ་ཕི་རི་ཀ་དང་ཡོ་རོབ། དེ་བཞིན་ཨོ་སི་ཊོ་ལི་ཡ་ཚུད་ཉེན་ཡོད་པ་གསུངས་པ་མ་ཟད། ལྷག་ཏུ་སྲིད་སྐྱོང་མཆོག་གིས་དེ་སྔ་འཛམ་གླིང་མང་ཚོགས་དང་རྒྱལ་སྤྱིིའི་ཚོགས་སྒེར་ཁག་གི་རྒྱབ་སྐྱོར་ལ་བརྟེན་ནས་ལྷོ་ཨ་ཕི་རི་ཀ་དེ་མང་གཙོའི་རྒྱལ་ཁབ་ཞིག་ཏུ་བསྐྱར་གསོ་ཐུབ་ཡོད་པ་དྲན་སྐུལ་གནང་བ་དང་ཆབས་ཅིག ལྷོ་ཨ་ཕི་རི་ཀ་གཞུང་གི་ངོས་ནས་ཀྱང་བོད་ཀྱི་གནད་དོན་ཐོག་ལའང་རྒྱབ་སྐྱོར་གནང་སྐྱོང་ཡོང་བར་འབོད་སྐུལ་ཞུས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།