Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་ནས་ཨ་མཆོག་ནང་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པ་གསུངས་སོང་།

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གཞུང་ནས་བོད་མདོ་སྨད་ཨ་མཆོག་གནས་རིར་གཏེར་བཏོན་གྱི་ལས་གཞི་སྤེལ་བ་དང། དེར་ཞི་རྒོལ་གནང་མཁན་བོད་མིའི་སྟེང་རྡུང་རྡེག་གིས་འཛིན་བཟུང་བྱས་པ་ནི་རྒྱ་ནག་རང་གི་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་དང་ཡོངས་སུ་འགལ་གྱི་sik 86ཡོད་པ་གསུངས་སོང་།
དེ་རིང་ཟླ་ ༦ ཚེས་ ༨ ཉིན་གྱི་སྔ་དྲོ་ཚོུད་ ༡༡།༠༠ སྟེང་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་བློ་བཟང་སེང་གེ་མཆོག་དང། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས་གཙོ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད། དེའང་གཙོ་བོ་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་སྤྱིའི་ནང་གཏེར་ཁ་སྔོག་བཏོན་དང། ལྷག་དོན་ཉེ་བའི་ཆར་བོད་ཁམས་མི་ཉག་ལྷ་སྒང་དང། དེ་བཞིན་ཨ་མཆོག་གྱི་རྩ་ཆེན་གནས་རིར་གཏེར་བཏོན་ལས་གཞི་བློ་འཚབ་ཆེ་བ་ཞིག་སྤེལ་རྐྱེན་ས་གནས་མང་ཚོགས་དང། རང་འབྱུང་ཁོར་ཡུག་ལ་དོག་ཕོག་ཆེན་པོ་འགྲོ་བཞིན་པའི་གནད་དོན་དང་འབྲེལ་བའི་ལྷན་ཚོགས་ཤིག་ཡིན་པ་རེད།
སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་ཐོག་ལས་གཞི་དང་སྲིད་བྱུས་གང་འདྲ་ཞིག་སྤེལ་རུང། བོད་ཀྱི་ཁོར་ཡུག་རྒྱུན་གནས་ཐུབ་པ་དང། བོད་མིའི་ཆོས་དང་རིག་གཞུང་ལ་གུས་བརྩི་དགོས་པ། དཔལ་འབྱོར་གྱི་ཐོག་ནས་མི་མང་ལ་ཁེ་ཕན་དགོས་པ། དེ་བཞིན་ལས་གཞི་ཁག་ཁྲིམས་མཐུན་དང་མི་མང་གི་མོས་མཐུན་ཡོད་དགོས་པ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད་ཅེས་ནན་སྐུལ་གནང་པ་དང་འབྲེལ། ད་རེས་ཀྱི་ཨ་མཆོག་ནང་གི་བོད་མིས་ཞི་རྒོལ་གནང་པ་དེ་ཡང་གོང་གི་དོན་ཚན་བཞི་པོ་དེ་དག་ལག་བསྟར་མ་བྱེད་པའི་རྐྱེན་གྱིས་བྱུང་བ་ཞིག་ཡིན་པ་གསུངས་པ་མ་ཟད། ཁྱད་པར་དུ་རྒྱ་གཞུང་ནས་ད་རེས་བོད་མདོ་སྨད་ཨ་མཆོག་གི་གནས་རིར་གཏེར་བཏོན་གྱི་ལས་གཞི་སྤེལ་བ་དང། དེར་ཞི་རྒོལ་གནང་མཁན་བོད་མིའི་སྟེང་རྡུང་རྡེག་གིས་འཛིན་བཟུང་བྱས་པ་ནི་རྒྱ་ནག་རང་གི་ཁྲིམས་དང་ཁོར་ཡུག་གི་ཁྲིམས་སྒྲིག།ལྷག་དོན་རྒྱལ་སྤྱིའི་ཁྲིམས་དང་ཡོངས་སུ་འགལ་གྱི་ཡོད་པ་གསུངས་སོང་།
ད་དུང་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གི་ངོས་ནས་ཨ་མཆོག་གི་གནད་དོན་དང་འབྲེལ་བའི་ཐོག་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཕྱི་ལོགས་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཕྱོགས་ཁག་དང་ལག་པ་མཉམ་འབྲེལ་བྱས་ནས་དངོས་ཡོད་གནས་ཚུལ་རྫུན་བཟོ་དང་དཀྲོག་གཏམ་སྤེལ་ནས་ཤུགས་རྐྱེན་ངན་པ་དང་རྫབ་ཆེན་ཆགས་སོང་ཞེས་ཚུར་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང་། དེ་ནི་བོད་མིིའི་སྒྲིག་འཛུགས་ལ་མ་ཉེས་ཁ་གཡོགས་རང་བྱས་པ་ཞིག་ཡིན་སྟབས། འདི་ཕྱོགས་ནས་རྒྱ་གཞུང་ལ་ཁྲིམས་མཐུན་ཐོག་འགྲེལ་བརྗོད་བྱ་རྒྱུ་དཀའ་ཡང་། དེ་ལ་ངོས་ལེན་ནམ་ཡང་བྱ་ཐབས་མེད་ཅེས་གསུངས་སོང་བ་དང། ལྷག་པར་དུ་ད་བར་བོད་ནང་གི་བོད་མི་ཚོས་རྒྱ་གཞུང་ལ་ཞི་རྒོལ་བསྟུད་མར་གནང་བཞིན་པ་དེས་རྒྱ་གཞུང་ནས་བོད་མིའི་མངོན་འདོད་མ་བསྒྲུབ་པར་བོད་མིའི་ཐོག་བརྙས་བཅོས་དང་སྡུག་རྩུབ་བཏང་བར་བརྟེན་ནས་བྱུང་སྟབས། རྒྱ་གཞུང་གི་ངོས་ནས་དེ་དག་ངེས་པར་དུ་ཤེས་དགོས་ཀྱི་རེད་སོགས་གསུངས་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་si 8ཀྱིས་བོད་ཨ་མཆོག་དང་མི་ཉག་ཁུལ་དུ་རྒྱ་གཞུང་གི་གཏེར་བཏོན་ལས་གཞི་སྤེལ་བས་ས་གནས་ཀྱི་ཁོར་ཡུག་ལ་དོ་ཕོག་ཇི་བྱུང་སྐོར་གྱི་རྒྱབ་ལྗོངས་དང་བཅས་འགྲེལ་བརྗོད་གནང་པ་དང། ལྷག་དོན་ཉེ་ཆར་རྒྱ་གཞུང་གིས་ཨ་མཆོག་བླ་རི་དང་མི་ཉག་ལྷ་སྒང་གི་གཏེར་བཏོན་ལས་གཞི་བརྒྱུད་རྒྱུག་ཆུ་འབག་བཙོག་བཟོས་པ་བཅས་ཀྱི་གནད་དོན་ནི་རྒྱ་གཞུང་གི་གཏེར་བཏོན་ལས་གཞི་དང་འབྲེལ་ཁྲིམས་སྒྲིག་གཞི་ལྟར། རྒྱ་གཞུང་གིས་ལག་བསྟར་བྱེད་ཀྱི་མེད་སྐོར་གསལ་པོ་རེད་ཅེས་སོགས་གསུངས་སོང།
གཞི་རྩའི་ཕྱི་ཟླ་ ༥ ཚེས་ ༣༡ ཉིན་ནས་འགོ་འཛུགས་ཀྱིས་ཉིན་གྲངས་ཁ་ཤས་རིང་ཀན་ལྷོ་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་བོད་མི་ཚོས་རྒྱ་གཞུང་གཏེར་ཁ་སྔོག་བཏོན་ཚན་པས་ཁུལ་དེའི་རྩ་ཆེན་གྱི་བླ་རི་ནས་གཏེར་ཁ་སྔོག་འདོན་ལ་འགོག་རྒོལ་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་ཡོད་པ་དང། སྐབས་དེར་རྒྱ་གཞུང་ས་གནས་ཉེན་རྟོགས་པས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་སྣེ་ཁྲིད་པ་རྣམས་གཙོས་བོད་མི་དྲུག་ལ་རྒྱ་གཞུང་ཉེན་རྟོག་པས་རྡུང་རྡེག་ཚབས་ཆེ་བཏང་རྗེས་བོད་མི་གཉིས་ཞིང་ཆེན་སྨན་ཁང་དུ་སྐྱེལ་དགོས་བྱུང་བ་མ་ཟད། དེ་བཞིན་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་རེད། གཞན་ཡང་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་གཏེར་བཏོན་ལས་གཞི་སྤེལ་བར་བརྟེན། ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་ནང་གཏེར་བཏོན་ལས་གཞིར་བོད་མི་ཚོས་ཞི་བའི་ལས་འགུལ་ ༣༠ ལྷག་སྤེལ་ཡོད་པ་དང། འདི་ལོ་ནང་ཆེས་མང་ཤོས་ཀྱི་ལས་འགུལ་སྤེལ་བ་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་གཞུང་གིས་བོད་ཀྱི་རྩ་ཆེན་གནས་རིར་གཏེར་བཏོན་ལས་གཞི་སྤེལ་བར་བོད་མིས་དེ་དག་ལ་ཞི་རྒོལ་གནང་པའི་ཁྲོད། ཕྱི་ལོ་ ༢༠༡༢ དང་ ༢༠༡༣ ནང་བོད་མི་གསུམ་ནས་རང་ལུས་མེར་བསྲེགས་གནང་པའི་གནས་ཚུལ་བྱུང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།