Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་གིས་འཕགས་བོད་གཉིས་ཀྱི་མ་འོངས་མདུན་ལམ་སྲ་བརྟན་ཞེས་པའི་ཐོག་གསུང་བཤད་གནང་བ།

Tibetan News Headlines

  • Dalai Lama meets with Estonian parliamentarians and Tibet support group delegation
  • International community calls China to provide evidence of Panchen Lama’s whereabouts and wellbeing
  • Its solely a pilgrimage and religious visit: Sakya Gongma Trichen rinpoche on recent visit to Bhutan
  • Tibetan spiritual leader grants an audience to 200 devotees from Nepal
  • Xi Jinping tells Antony Blinken US should avoid ‘vicious competition’ with China
  • US jails Chinese man who threatened student activist
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༤།༢༦

  • ༸གོང་ས་མཆོག་གིས་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་གར་ཡོད་ཕྱིར་བསྒྲགས་དགོས་པའི་ནན་སྐུལ་གནང་འདུག
  • འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་པ་ནི་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ནའི་ཆེད་དུ་ཡིན་པ་བཀའ་བསྩལ་སོང་།
  • ༸གོང་ས་མཆོག་གིས་བལ་པོའི་མི་སེར་༢༠༠ བརྒལ་བ་ལ་མཇལ་ཁ་སྩལ་བ།
  • ཞི་ཅིན་ཕིང་གིས་ཨ་རྒྱ་གཉིས་མཐུན་གྲོགས་ལས་ཁ་གཏད་བྱ་མི་རུང་ཞེས་བརྗོད་འདུག
  • མང་གཙོའི་ལས་འགུལ་བ་ཞིག་ལ་འཇིགས་སྐུལ་བྱས་རྐྱེན་རྒྱའི་སློབ་མ་ཞིག་ལ་ཁྲིམས་ཐག་བཅད་པ།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཁ་སང་རྒྱ་གར་བྱང་ཕྱོགས་ཨ་སམ་གྱི་གྲོང་ཁྱེར་རྒྱལ་ས་གྷོ་ཧ་ཊིར་ཕེབས་འབྱོར་གྱིས་དེ་རིང་སྔ་དྲོ་ Guwahati མཐོ་སློབ་ཏུ་འཕགགས་པ་དེའི་དམིགས་ཡུལ་ནི་ཤར་ཧི་མཱ་ལ་ཡའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཡར་རྒྱས་གཏོང་རྒྱུ་ཡིན་འདུག ས་བོད་གཉིས་ཀྱི་མ་འོངས་མདུན་ལམ་སྲ་བརྟན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ Balipara ཐེབས་རྩ་ཁང་གིས་མགྲོན་འབོད་ཞུ་དོན་ལྟར་ཁ་སང་གྲོང་ཁྱེར་ Guwahati ར་ཕེབས་འབྱོར་བྱུང་སྐབས་ཐེབས་རྩ་ཁང་གི་འབྲེལ་ཡོད་བཅས་ནས་ཕེབས་བསུ་སྣེ་ལེན་ཞུས་ ཐོག་སྲིད་སྐྱོང་མཆོག་གིས་ཉིན་དེར་ཨ་སམ་མངའ་སྡེའི་སོ་ནམ་བློན་ཆེན་སྐུ་ཞབས་ Atul Bora མཆོག་དགས་པ་དེའི་དམིགས་ཡུལ་ནི་ཤར་ཧི་མཱ་ལ་ཡའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཡར་རྒྱས་གཏོང་རྒྱུ་ཡིན་འདུག ང་སྒོ་ཕྱུགས་གསོ་སྐྱོང་དང་གྲོང་སྡེ་ཡར་རྒྱས་བློན་ཆེ། དེ་བཞིན་སྤྱི་ཚོགས་ལས་འགུལ་བ་སོགས་དང་ཐུག་འཕྲད་གནང་པ་མ་ཟད། ཕྱི་དྲོ་ཐེབས་རྩ་ཁང་དེས་སྲིད་སྐྱོང་མཆོག་ལ་གསོལ་ཚིགས་འདེགས་འབུལ་ཞུ་ཐོག་ཁོར་ཡུག་སྲུད་སྐྱོབ་ལས་འགུལ་བ་དང་སྙན་ངག་མཁན། རྩོམ་པ་པོ་སོགས་སྐུ་མགྲོན་བརྒྱ་ཕྲག་ལྷག་གདན་ཞུས་གནང་འདུག

སྲིད་སྐྱོང་མཆོག་གིས་དེ་རིང་སྔ་ཐོག་གྷོ་ཧ་ཊི་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་ཡོངས་ལ་འཕགས་བོད་གཉིས་ཀྱི་མ་འོངས་མདུན་ལམ་སྲ་བརྟན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་པ་དང་དེ་རྗེས་Balipara ཐེབས་རྩ་ཁང་གིས་གོ་སྒྲིག་འོག་ Eastern Himalayan Natགས་པ་དེའི་དམིགས་ཡུལ་ནི་ཤར་ཧི་མཱ་ལ་ཡའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཡར་རྒྱས་གཏོང་རྒྱུ་ཡིན་འདུག urenomics Forum 2017 ཞེས་པའི་བགྲོ་གླེང་ཐོག་མཉམ་ཞུགས་ཀྱིས་གསུང་བཤད་གནང་པ་མ་ཟད། ཕྱི་དྲོ་ ༢༠༡༧ ལོའི་ Rabindranath Barthakur རྗེས་དྲན་གཏམ་བཤད་མཛད་སྒོར་གཙོ་བཞུགས་གནང་འདུག

རྩ་བའི་སྲིད་སྐྱོང་མཆོག་ད་རེས་གྷོ་ཧ་ཊིར་ཕེབས་དོན་གཙོ་བོ་ནི་བྷ་ལི་པ་ར་ཐེབས་རྩ་ཁང་གིས་གོ་སྒྲིག་ཞུས་པའི་ཕྱི་ལོ་ ༢༠༡༧ ལོའི་ Rabindranath Barthakur རྗེས་དྲན་གཏམ་བཤད་མཛད་སྒོར་མཉམ་ཞུགས་གནང་ཆེད་ཡིན་པ་རེད།

ཐེབས་རྩ་ཁང་དེ་ནི་ཨ་སམ་ནང་གི་བཟོ་གྲྭའི་བདག་པོ་ཆེ་གྲས་སྐུ་ཞབས་ Ranjit Barthakur ལགས་ཀྱིས་ཆེད་འཛུགས་གནང་བའི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པའི་དམིགས་ཡུལ་ནི་ཤར་ཧི་མཱ་ལ་ཡའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཡར་རྒྱས་གཏོང་ཆེད་ཡིན་པ་རེད།

 

འབྲེལ་ཡོད་གསར་གནས།

གསར་གནས།