Tibetan Royal Year of 2151 | Year of the Wood Dragon

སེ་ར་བླ་སྤྱི་དང་སྦེལ་ཀོབ་བོད་མིའི་གཞིས་ཁག་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན་བོད་ཀྱི་བླ་ན་མེད་པའི་དབི་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེ་ར་ཐེག་ཆེན་གླིང་དུ་མགོན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན། དད་ལྡན་སེར་སྐྱ་མང་ཚོགས་ ༡༠༠༠༠ ལྷག་ལ་ཆོས་འབྲེལ་གི་མཛད་འཕྲིན་ཁག་ལེགས་གྲུབ་མཛད་པ་དང་བསྟུན། སེ་ར་ཐེག་ཆེན་གླིང་གི་བླ་སྤྱི་དང་སྦེལ་ཀོབ་བོད་མིའི་གཞིས་ཁག་ཟུང་འབྲེལ་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀྲིན་གཏང་རག་ཏུ་མདོ་ལུགས་ཀྱི་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་བརྟན་བཞུགས་ཟེར་བ་ནི་བླ་མ་དང་སློབ་མའི་བར་ལ་དམ་ཚིག་གཙོ་བོ་ཡིན་པ་དང་། _MG_3158དད་པ་དང་དམ་ཚིག་དེ་ཡང་གཡོ་བ་མེད་པ་ཞིག་ཇི་ལྟར་བཟོ་དགོས་ཞེས་ན། རང་ཉིད་ཀྱི་རྒྱུད་ལ་ཉམས་ལེན་དུ་དོན་ཁེལ་ཡོང་བར་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་མ་ཟད། ལྷག་དོན་དུ་ལུང་རྟོགས་གཉིས་ཀྱི་བསྟན་པ་དེ་ཡང་བཤད་པ་དང་སྒྲུབ་པ་གཉིས་ཀྱི་ཐོག་ནས་འཆད་ཉན་གཙོས་པའི་སློབ་གཉེར་ཡང་དག་མཐིལ་ཕྱིན་ཞིག་གནང་སྟེ། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་དགོས་པ་ལས་དེ་མིན་ཐབས་གཞན་མེད་པ་རེད་ཅེས་བཀའ་བསྩལ་མཛད་ཡོད་པ་རེད།
༸གོང་ས་མཆོག་གིས་མུ་མཐུད་ནས་བཀའ་སློབ་བསྩལ་དོན་ལ། དགེ་འདུན་པ་ཚོས་གྲྭ་ཆས་གྱོན་པ་ཙམ་མིན་པར་དཔལ་ན་ལེནྡྲའི་མཁས་པའི་གཞུང་ཆེན་དག་ལ་ཐོས་བསམ་སློབ་གཉེར་གནང་རྒྱུ་གལ་ཆེ་ཡིན་པར་བཀའ་སྩལ་མཛད་པ་དང། ད་ལྟ་ང་ཚོར་དཔལ་ན་ལེནྡྲའི་མཁས་པའི་གཞུང་ལ་སློབ་གཉེར་བྱེད་རྒྱུ་ཡོད་པ་དེ་ཡང་དགེ་འདུན་པ་ཚོས་སློབ་གཉེར་གྱིས་རྒྱུན་འཛིན་བྱས་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་སྐོར་བཀའ་སློབ་གནང་པ་དང་སྦྲགས། བོད་ལ་དུས་འགྱུར་བྱུང་རྗེས་བཙན་བྱོལ་ནང་གདན་ས་ཁག་གི་ནང་ལའང་དེ་སྔོན་སྦག་ས་ནས་ཡོང་བའི་དགེ་འདུན་པ་ཚོས་ཐོག་མར་ལམ་བཟོ་བའི་ཕྱག་ལས་གནང་པ་སོགས་ཕྱི་ནང་གི་མཐུན་རྐྱེན་ཞན་པོའི་འོག་སྐུ་ངལ་སྐྱོན་པར_MG_3173་བརྟེན། ད་ལྟའི་ཕྱི་ནང་གི་གནས་སྟངས་བཟང་པོ་དེ་བྱུང་བ་རེད་ཅེས་བཀའ་སྩལ་མཛད་ཡོད་པ་རེད། ལྷག་དོན་དུ་བོད་མིའི་གནས་སྟངས་ཉག་ཕྲ་པོ་ཞིག་ཏུ་ཡོད་ཀྱང་ད་དུང་ཡང་བོད་དོན་གསོན་པོར་གནས་པ་དེ་ནི་བོད་མི་གཞིས་ལུས་རྒྱ་མང་ཚོགས་ཀྱི་འགྱུར་བ་མེད་པའི་ལྷག་བསམ་དང་སེམས་ཤུགས་ལ་བརྟེན་བྱུང་བ་ཞིག་ཡིན་པར་བཀའ་བསྩལ་ཕེབས་ཡོད་པ་རེད།
༸གང་ཉིད་མཆོག་གིས་དགེ་འདུན་པ་ཚོས་རང་གི་ཆོས་བརྒྱུད་ཀྱི་གྲུབ་མཐའི་གཞུང་ལ་བསླབ་པ་སློབ་གཉེར་གནང་པའི་ཞོར་དུ་རིས་སུ་མ་མཆིས་པའི་ཆོས་བརྒྱུད་གྲུབ་མཐའ་ཁག་ལ་ཡང་ཐོས་བསམ་སློབ་གཉེར་གནང་རྒྱུ་གལ་ཆེ་ཡིན་པའི་བཀའ་སྩལ་ཡང་མཛད་པ་དང་འབྲེལ། ༸་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རང་ཉིད་ཀྱི་ཐོས་བསམ་སློབ་གཉེར་གནང་སྟངས་དང་ཉམས་ལེན་གནང་སྟངས་ཀྱི་བརྗོད་བྱ་འཁོད་པའི་རྟོགས་བརྗོད་མདུན་ལེགས་མའི་བཤད་ལུང་ཞིག་ཀྱང་སྩལ་གནང་མཛད་འདུག དེའི་བར་ན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གདོན་སྤེལ་གནང་བའི་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་དང་པོ་དེ་དབུ་འབྱེད་དང་འབྲེལ་ལས་དོན་དེར་ཡི་རང་བསྔགས་བརྗོད་གནང་པ་མ་ཟད། ལས་དོན་དེས་བོད་མི་རིགས་ཀྱི་སྐད་ཡིག་རིག་གནས་བཅས་པར་ཞབས་འདེགས་ངེས་ཅན་ཞིག་སྒྲུབ་ཡོད་པ་དང་མི་རབས་མང་པོར་ཕན་ཐོགས་ཡོང་ངེས་ཡིན་པ་བཀའ་སྩལ་མཛད་འདུག
རྩ་བའི་མགོན་པོ་༸གང་ཉིད་མཆོག་གིས་སྦེལ་ཀོབ་སེ་ར་ཐེག་ཆེན་གླིང་དུ་ཆོས་འབྲེལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཟིན་རྗེས། དེ་རིང་ཉིན་རྒྱབ་ཏུ་བོད་མིའི་གཞིས་སྒར་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་ཆོས་སྡེ་བཀྲིས་ལྷུན་པོར་ཆིབས་སྒྱུར་གྱིས་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པར་གསར་བཞེངས་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་དང་ཕེབས་སྟོན་གྱི་མཛད་སྒོར་དབུ་བཞུགས་མཛད་རྒྱུ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།