Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་འོས་བསྡུའི་ལག་ཁྱེར་བཟོ་མཁན་ཚོར་མངོན་གསལ་དོད་པོས་ཕྱོགས་རིས་བྱ་རྒྱུ་མེད་པའི་འབོད་སྐུལ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཕྱི་ཟླ་དགུ་པའི་བར་བཞུགས་སྒར་དུ་ཆོས་འབྲེལ་ཁག་དྲུག་ཙམ་སྩལ་གཏན་ཁེལ་བ།
  • ༸གོང་ས་མཆོག་ལ་དྭགས་ཀར་གྱིལ་རྫོང་ནང་ཆིབས་བསྒྱུར་ཡོང་བའི་གདན་ཞུ་གསོལ་འདེབས།
  • དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་ངོ་སྤྲོད།
  • རྒྱལ་ཁབ་ཀྱི་གཏན་འབེབས་སློབ་གསོའི་ཁ་ཕྱོགས་ལྟར་སློབ་གསོ་གཏོང་གི་མེད་པའི་ཉེས་མིང་འོག་དགེ་རྒན་ཞིག་གནས་དབྱུང་།
  • བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དཔེ་དེབ་དབུ་འབྱེད།
  • Arthur Brooks ལགས་ཀྱིས་ཉེ་ཆར་༸གོང་ས་མཆོག་དང་མཇལ་མོལ་ཁྲོད་ཚོགས་བཅར་བ་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་གསུངས་འདུག
  • རྒྱ་གཞུང་ནི་ཕྱི་མིར་སྡང་འཛིན་ཤུགས་ཆེ་བྱེད་མཁན་ཞིག་ཡིན་པ་གསུངས་འདུག

Thursday 18/04/2024

  • Office of His Holiness the Dalai Lama announces teaching schedule of the Tibetan spiritual leader
  • Representatives from Kargil’s Buddhist community visit Dalai Lama and extend an invitation to visit Kargil
  • Introduction to teaching on ‘100 Deities of Tushita Heaven’ (Gaden Lhagyama)
  • China expels teacher for advocating the use of Tibetan language among students
  • CTA releases a collection of Tibetan essays on Gaden Phodrang
  • ‘Ambassador of Love’: Arthur Brooks recounts Harvard delegation to meet with Dalai Lama
  • Biden Calls China ‘Xenophobic’ as US, China Defense Chiefs hold first talks in nearly 18 months

ཉེ་བའི་ཆར་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གནས་སྡོད་ཁག་ཏུ་ས་གནས་བོད་མི་རྣམས་ལས་རྒྱ་གར་འོས་བསྡུའི་ལག་འཁྱེར་བཟོ་མཁན་མི་ཉུང་བ་ཞིག་འབྱུང་བཞིན་པའི་མཚམས་འདིར་དབུས་བོརྒྱ་གར་འོས་བསྡུའི་ལག་ཁྱེར་བཟོ་མཁན་ཚོར་མངོན་གསལ་དོད་པོས་ཕྱོགས་རིས་བྱ་རྒྱུ་མེད་པའི་འབོད་སྐུལ།ད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་བོད་མི་དེ་དག་ལ་འོས་བསྡུའི་ལས་རིམ་ཁྲོད་མངོན་གསལ་དོད་པོས་ཕྱོགས་རིས་གནང་རྒྱུ་མེད་པའི་འབོད་སྐུལ་གནང་འདུག
ཕྱི་ལོ་ ༢༠༡༢ ལོར་རྒྱ་གར་གཞུང་གིས་བོད་མི་རྣམས་ལ་རྒྱ་གར་གྱི་ཡུལ་མི་ལྟར་གཅིག་མཚུངས་ཀྱི་རྒྱ་གར་གྱི་དབུས་སའི་འོས་བསྡུ་ཁག་ཏུ་མཉམ་ཞུགས་བྱ་རྒྱུའི་ཐོབ་ཐང་གནང་ཡོད་ པ་ལྟར། བཙན་བྱོལ་བོད་མིའི་གནས་སྡོད་ཁག་ཏུ་ད་ལྟའི་ཆར་བོད་མི་ཚོས་རྒྱ་གར་འོས་བསྡུའི་ལག་འཁྱེར་བཟོ་མཁན་མི་ཉུང་བ་ཞིག་འབྱུང་བཞིན་ཡོད་པ་དང། གནད་དོན་དེའི་ཐོག་ཉེ་ཆར་ཕྱི་ཟླ་ ༡༡ ཚེས་ ༣ ཉིན་དརྒྱ་གར་འོས་བསྡུའི་ལག་ཁྱེར་བཟོ་མཁན་ཚོར་མངོན་གསལ་དོད་པོས་ཕྱོགས་རིས་བྱ་རྒྱུ་མེད་པའི་འབོད་སྐུལ།བུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་ས་གནས་འགོ་འཛིན་ལས་ཁུངས་ཡོངས་ལ་བཀོད་ཁྱབ་གནང་པའི་ནང་བོད་མི་ཚོས་འོས་བསྡུའི་ལག་འཁྱེར་བཟོ་རྐྱེན་མ་འོངས་པར་བོད་མི་སྤྱི་ཚོགས་ནང་དཀའ་ངལ་འཕྲད་མི་སྲིད་པ་མིན་པར་བརྟེན་ཚང་མས་དེའི་ཐོག་ཐུགས་ཁུར་ཆེ་བཞེས་གནང་དགོས་པའི་ལམ་སྟོན་གནང་འདུག
རྩ་བའི་ཟླ་ ༡༡ ཚེས་ ༩ ཉིན་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུ་ཆེན་མོ་གནང་གི་ཡོད་པ་དང། རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལར་ཆ་མཚོན་ན་ཕྱི་ལོ་ ༢༠༡༤ ལོ་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་སྐབས་ནས་ད་ལན་ཧི་མཱ་ཅལ་མངའ་སྡེའི་འོས་བསྡུའི་བར་ཁྱོན་བོད་མི་ ༡༠༠༠ ལྷག་ནས་འོས་བསྡུ་ལག་འཁྱེར་བཟོས་ཡོད་པ་གསུངས་སོང་།
ཕྱི་ལོ་ ༢༠༡༤ ལོའི་རྡ་ས་ཁུལ་ནས་བོད་མི་ ༢༦༠ མན་ཙམ་གྱིས་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུའི་ནང་དུ་ཆ་ཤས་བླངས་ཡོད་པ་དང། ད་ལན་གྱི་གྲངས་འབོར་ལ་གཞིགས་རྒྱ་གར་འོས་བསྡུའི་ལག་ཁྱེར་བཟོ་མཁན་ཚོར་མངོན་གསལ་དོད་པོས་ཕྱོགས་རིས་བྱ་རྒྱུ་མེད་པའི་འབོད་སྐུལ།ན་ཕྱི་ལོ་ ༢༠༡༤ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་སྐབས་ལས་ད་རེས་འོས་བསྡུའི་ལག་འཁྱེར་བཟོ་མཁན་བོད་མིའི་གྲངས་འབོར་ལྡབས་གསུམ་གྱིས་འཕར་འདུག
རླུང་འཕྲིན་ཁང་ནས་རྡ་ས་ཁུལ་གྱི་རྒྱ་གར་འོས་བསྡུའ་ལག་ཁྱེར་བཟོ་མཁན་བོད་མི་ཁག་ལ་བཅར་འདྲི་ཞུ་སྐབས་ཁོང་རྣམ་པ་བཀའ་མོལ་གནང་རྒྱུར་འཚེར་སྣང་དང་འཛེམ་ཟོན་གནང་གི་འདུག། འོན་ཀྱང་བཀའ་མོལ་གནང་མཁན་གཉིས་བྱུང་བ་ལྟར་ཁོང་རྣམ་གཉིས་ཀྱིས་འོས་བསྡུ་ལག་འཁྱེར་བཟོ་བའི་དགོས་དམིགས་གཙོ་བོ་ནི་བལ་ཡུལ་སོགས་རྒྱ་གར་ནས་ཕྱི་ཕྱོགས་སུ་འགྲུལ་བཞུད་བྱ་རྒྱུ་སྟབས་བདེ་དང། རྒྱ་གར་གཞུང་གི་བཟའ་འབྲུ་ལག་འཁྱེར་ཐོབ་ཐང་མཚོན་པའི་རྒྱ་གར་གྱི་མི་མང་དང་གཅིག་མཚུངས་ཀྱི་ཐོབ་ཐང་རག་ཐབས་ཆེད་ཡིན་སྐོར་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།