Tibetan Royal Year of 2151 | Year of the Wood Dragon

པི་སཱ་གཙུག་ལག་སློབ་གཉེར་ཁང་ནས་༸གོང་ས་མཆོག་ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་མཁས་དབང་གི་ཕྱག་འཁྱེར་ཕུལ་གནང་པ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཡོ་རོབ་ཨི་ཊ་ལིའི་ Tuscany མངའ་སྡེའི་ Pisa གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ Pisa གཙུག་ལག་སློབ་གཉེར་ཁང་དུ་ནང་པ་དང་ཚན་རིག་པའི་ལྟ་གྲུབ་ཀྱི་བགྲོ་གླེང་ལྷན་ཚོགས་ཐོག་དབུ་བཞུགས་གནང་མུས་ཡིན་པ་ལྟར། དེ་རིང་ལྷན་ཚོགས་ཀྱི་ཉིན་མཐའ་མའི་ཐོག་པི་སཱ་གཙུག་ལག་སློབ་གཉེར་ཁང་ནས་དམིགས་བསལ་གྱི་མཛད་སྒོ་ཞིག་བསྐོང་ཚོགས་གནང་སྟེ། མགོན་པོ་༸གང་ཉིད་མཆོག་ལ་ཆེ་བསྟོད་དང་སྦྲགས། Honorary Degree in Clinical Health Psychology ཞེས་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་མཁས་དབང་གི་ཕྱག་འཁྱེར་ཞིག་འབུལ་བཞེས་མཛད་འདུག

གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་སློབ་དཔོན་ Paolo Mancarella ལགས་དང་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་སློབ་དཔོན་ Angelo Gemignanilgs ལགས་གཙོས་པའི་ཚོགས་མི་རྣམ་པ། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Matteo Meccaci ལགས། སྐུ་ཞབས་ Richard Gere ལགས། གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དང་སློབ་མ་སོགས་ནས་མཉམ་ཞུགས་གནང་འདུག

སྐབས་དེར་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་མཆོག་ནས་ད་ལྟའི་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ནས་རྒས་ཡོལ་དུ་ཕེབས་ཟིན་ཡོད་ཀྱང་། འགྲོ་བ་སྤྱིའི་བདེ་དོན་སླད་རྒྱལ་སྤྱིའི་ཐོག་བོད་པའི་ནང་ཆོས་ཀྱི་བསླབ་བྱ་དང་། ལྷག་པར་དུ་སེམས་ཁམས་དང་འབྲེལ་བའི་ཤེས་བྱའི་ཐོག་ད་བར་ཚན་རིག་མཁས་པ་འདྲ་མིན་དང་ལྷན་དུ་བཀའ་བསྡུར་གྱིས་མཛད་འཕྲིན་དུ་མ་བསྐྱངས་དང་སྐྱོང་བཞིན་ཡོད་པ་སོགས་མགོན་པོ་༸གང་ཉིད་མཆོག་ལ་ཆེ་བསྟོད་ཞུས་པ་མ་ཟད། ད་རེས་མགོན་པོ་༸གང་ཉིད་མཆོག་ཨི་ཊ་ལིའི་ཆིབས་སྒྱུར་ཁྲོད་གཙུག་ལག་སློབ་གཉེར་ཁང་དེའི་ནང་༸ཞབས་སོར་འཁོད་ཐུབ་པར་དགའ་ཚོར་དང་སྤོབས་པ་ཆེན་པོ་བྱུང་ཞེས་གསུངས་འདུག

དེ་བཞིན་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་སློབ་དཔོན་ Angelo Gemignanilgs ལགས་ནས་༸གོང་ས་མཆོག་ནི་རྒྱུན་དུ་བྱམས་བརྩེ་ཉམས་ལེན་གནང་མཁན་གྱི་ཆོས་ཕྱོགས་དབུ་ཁྲིད་ཙམ་ཟད་འདས་པའི་ལོ་དུས་ནང་ལ་ནང་པ་དང་ཚན་རིག་གི་ལྟ་གྲུབ་ཐོག་ལ་བགྲོ་གླེང་དང་། ལྷག་པར་དུ་མིའི་སེམས་ཁམས་ཀྱི་བྱེད་ལས་ཐོག་ལ་རྒྱུ་མཚན་ལྡན་པའི་དཔྱད་ཞིབ་མཛད་པ་དེ་གསར་གཏོད་ཀྱི་མཛད་རྗེས་རླབས་མེད་ཞིག་ཡིན་པ་གསུངས་འདུག

སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གཙུག་ལག་སློབ་གཉེར་ཁང་གི་འབྲེལ་ཡོད་ཚོས་༸གང་ཉིད་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་བར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་བ་དང་། དེང་སྐབས་འཛམ་བུ་གླིང་འདིའི་ཐོག་ལ་ང་དང་ཁོ་ཞེས་རིམ་པ་གཉིས་པའི་དབྱེ་བ་དང་འབྲེལ་བའི་དཀའ་རྙོག་མི་ཉུང་བ་ཞིག་འཕྲད་བཞིན་པའི་དུས་སྐབས་འདིར་ཚང་མས་ཆོས་ལུགས་མཐུན་འབྲེལ་དང་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་མཐོར་གཏོང་རྒྱུ་གལ་ཡིན་པ་སོགས་ཀྱི་ལམ་སྟོན་རྒྱ་ཆེ་མཛད་འདུག

གཞི་རྩའི་ Pisa གཙུག་ལག་སློབ་གཉེར་ཁང་གི་ Clinical Health Psychology ཞེས་པའི་ཆེས་མཐོའི་སློབ་དཔོན་གྱི་མཚན་གནས་དེ་རྒྱུན་ལྡན་གྱི་མཚན་གནས་ཕུལ་བ་ལྟར་མིན་པར་གཙུག་ལག་སློབ་གཉེར་ཁང་དེའི་དམིགས་བསལ་གྱི་གཟེངས་རྟགས་ཤིག་ཆགས་ཀྱི་ཡོད་པ་མ་ཟད། དེ་ནི་རྒྱལ་སྤྱིའི་ཐོག་མང་ཚོགས་ཀྱི་ཤེས་ཡོན་དང་། སྤྱི་ཚོགས་ཀྱི་བདེ་དོན་སོགས་ཀྱི་ཐད་ལ་ཕྱག་ལས་བསྟུད་མར་གནང་མཁན་གྱི་སྐྱེ་བོ་ཚོར་ཕུལ་སྲོལ་ཡོད་པ་ཞིག་ཡིན་པ་དང་། འདས་པའི་ལོ་དུས་ནང་ལ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་ Kofi Annan ལགས་དང་ཡི་ཤུའི་ཆོས་དཔོན་ Pope John Paul གཉིས་པ། དེ་བཞིན་དེ་སྔའི་ Soviet Union གྱི་གཙོ་འཛིན་མཐའ་མ་སྐུ་ཞབས་ Mikhail Gorbachev ལགས་སོགས་ཁག་ཅིག་ལ་མ་གཏོགས་ཕུལ་མྱོང་མེད་པ་རེད་འདུག

མཛད་འཆར་ལ་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིའི་ Pisa གྲོང་ཁྱེར་ནང་གི་ནང་པ་དང་ཚན་རིག་པའི་ལྟ་གྲུབ་ཀྱི་བགྲོ་གླེང་ལྷན་ཚོགས་གྲུབ་རྗེས་ཡོ་རོབ་ལཊ་ཝི་ཡའི་རྒྱལ་ས་རི་གྷར་ཆིབས་ཐོན་མཛད་དེ་ཕྱི་ཚེས་ ༢༣ དང་ ༢༤ བཅས་ཉིན་གཉིས་རིང་ལ་མགོན་པོ་༸གང་ཉིད་མཆོག་ནས་རི་གྷ་གྲོང་གྱི་ Skonto ཚོགས་ཁང་དུ་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ་དང་། ༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་བསྩལ་གྱི་ཡོད་པ་མ་ཟད། ཕྱི་ཚེས་ ༢༥ ཉིན་ལ་ཚོགས་ཁང་དེའི་ནང་དུ་ས་གནས་མང་ཚོགས་རྣམས་ལ་ས་མཚམས་མེད་པའི་མཐུན་སྒྲིལ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་བསྩལ་གྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།