Tibetan Royal Year of 2151 | Year of the Wood Dragon

དགེ་རྒན་གསོ་སྐྱོང་དང་བསླབ་གཞི་གཏན་འབེབས་གཉིས་ཤེས་ཡོན་སྲིད་བྱུས་ལ་འཕྲད་བཞིན་པའི་དཀའ་ངལ་གཙོ་བོ་ཆགས་ཀྱི་འདུག

Tibetan News Headlines

  • བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མངོན་རྒྱུ་མེད་པ་མངོན་གསལ།
  • མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་རྡོ་རྗེ་བཀྲིས་ཆེད་ཞུ་འབོད་གནང་བར་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་།
  • རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་གྱི་འབྱུང་ཁུངས་རྩད་གཅོད་ཀྱི་ལས་དོན་ལ་ད་ལྟའང་འགོག་རྐྱེན་བཟོ་བཞིན་པ་མངོན་གསལ།
  • ཁ་སང་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་མཇུག་སྒྲིལ་སོང་།
  • རྒྱལ་སྲས་དད་པ་བརྟན་པའི་ལྷ་གཞུང་ངོ་སྤྲོད།
  • འཇར་མ་ནི་ནང་རྒྱ་ནག་ཆེད་དུ་གསང་ཉུལ་བྱས་པའི་དོགས་གཞི་འོག་མི་སྣ་ཁག་གཅིག་འཛིན་བཟུང་བྱས་འདུག

Tuesday 23/04/2024

  • No significant changes in the rights situation in Tibet: US report
  • Blinken must raise Tibet, Panchen Lama on China trip: Tibet advocacy group
  • Chinese authorities assaults Gonpo Kyi ; phone broken amid call for brother’s fair retrial
  • China froze Covid -19 origin tracing; pattern continues to this day: AP investigation
  • 27th Shoton festival ends with a call from Sikyong to intensify efforts to preserve Opera tradition
  • Introduction to Opera ‘Prince Dhepa Tenpa’
  • Germany and Britain detain suspected Chinese spies

བོད་ཕྲུག་སློབ་མའི་ཤེས་ཡོན་དང་འབྲེལ་བའི་བགྲོ་གླེང་ལས་རིམ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་མཆོག་གིས་དགེ་རྒན་གསོ་སྐྱོང་དང་བསླབ་གཞི་གཏན་འབེབས་བྱ་རྒྱུ་གཉིས་ནི་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་སྐབས་འཕྲད་བཞིན་པའི་དཀའ་ངལ་གཙོ་བོ་ཆགས་ཀྱི་འདུག་ཅེས་གསུངས་སོང་།

དེང་སྐབས་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐོག་འཛམ་གླིང་ས་ཕྱོགས་གང་ས་ནས་མང་ཚོགས་ཧ་ཅང་མང་པོ་འདུ་འཛོམས་བྱུང་བ་དང་བསྟུན། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ལས་འགུལ་སྣ་མང་སྤེལ་བཞིན་པའི་ཁྲོད། ཁ་སང་ཚེས་ ༡༢ ཉིན་ཕྱི་དྲོ་གསུང་ཆོས་ར་བ་ནས་རྒྱང་ཐག་སྤྱི་ལེ་གཅིག་སར་ཡོད་པའི་རྙིང་མ་དགོན་དུ་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱིས་ཤེས་ཡོན་དང་ང་ཚོའི་མ་འོངས་པའི་མདུན་བསྐྱོད་གླེང་བ་ཅེས་པའི་བགྲོ་གླེང་གི་ལས་རིམ་ཞིག་ཚོགས་ཡོད་པ་རེད།

ཐེངས་དེའི་གླེང་མོལ་ལས་རིམ་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་དང་ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པའི་འགན་འཛིན་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ལས་འཆར་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། དེ་བཞིན་བོད་ཕྲུག་སློབ་མ་དང་དགེ་བཙུན་སོགས་འདུ་འཛོམས་བྱུང་འདུག
སྐབས་དེར་ཤེས་རིག་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་༸གོང་ས་མཆོག་གི་བཀའ་དགོངས་ནི། བོད་ཕྲུག་སློབ་མ་ཚོ་ཤེས་ཡོན་ཐོག་འདབ་གཤོག་གཉིས་ལྡན་ཡོང་བར་འབད་དགོས་གལ་ཡིན་སྐོར་སོགས་གསུངས་དོན་ལྟར། སྐབས་དེར་ལས་རིམ་གཙོ་སྐྱོང་བས་བཀའ་བློན་མཆོག་ལ་ད་ཡོད་ཤེས་རིག་ལས་ཁུངས་ལ་བོད་པའི་སློབ་གྲྭ་ཁག་ཏུ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་རྒྱུར་དཀའ་ངལ་གང་འཕྲད་བཞིན་ཡོད་སྐོར་བཀའ་འདྲི་ཞུས་པར་བཀའ་བློན་མཆོག་གིས་དགེ་རྒན་གསོ་སྐྱོང་དང་བསླབ་གཞི་གཏན་འབེབས་བྱ་རྒྱུ་གཉིས་ནི་ད་ཡོད་ཤེས་རིག་ལས་ཁུངས་ལ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་སྐབས་འཕྲད་བཞིན་པའི་དཀའ་ངལ་གཙོ་བོ་ཆགས་ཀྱི་འདུག་ཅེས་གསུངས་ཡོད་པ་རེད།

དེ་བཞིན་ཁ་སང་བོད་ཕྲུག་སློབ་མའི་ཤེས་ཡོན་དང་འབྲེལ་བའི་གླེང་མོལ་ལས་རིམ་དེའི་ཐོག་ཕྲུ་གུའི་ངོས་ནས་ཤེས་ཡོན་ལ་ངོས་འཛིན་བྱེད་ཕྱོགས་དང་། ཕ་མས་ཕྲུ་གུའི་ཤེས་ཡོན་ལ་དོ་སྣང་བྱེད་དགོས་པའི་གལ་གནད། སློབ་མར་ཤེས་ཡོན་ལ་དོ་དབྱིངས་དང་དེའི་ཁོར་ཡུག་བསྐྲུན་ཕྱོགས། དེ་བཞིན་ཕྲུ་གུའི་ཤེས་ཡོན་དང་འབྲེལ་བའི་སློབ་ཡོན། ཆུང་བྱིས་པའི་དུས་ནས་ཕྲུ་གུར་དཔེ་དེབ་ལྟ་ཀློག་བྱུ་རྒྱུའི་ཁོར་ཡུག་བསྐྲུན་རྒྱུའི་གལ་གནད་སོགས་ཀྱི་བརྗོད་གཞིའི་ཐོག་གླེང་མོལ་གནང་ཡོད་པ་རེད།
རྩ་བའི་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཞེས་པ་དེ། ཕྱི་ལོ་ ༢༠༡༦ ལོར་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་མ་ཁག་ཅིག་གིས་ཆེད་བཙུགས་གནང་པ་ཞིག་ཡིན་པ་དང་། ཚོགས་པ་དེའི་དམིགས་ཡུལ་ནི་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཡོད་པའི་བོད་ཕྲུག་སློབ་མ་ཕན་ཚུན་དབར་ལ་འབྲེལ་ལམ་བཟོ་ནས་ན་གཞོན་སློབ་མའི་ཤེས་ཡོན་གྱི་གོ་རྟོགས་ནུས་པ་གོང་སྤེལ་གཏོང་རྒྱུར་ཆེད་དམིགས་གནང་པ་རེད་འདུག ད་ལྟའི་ཆར་ཚོགས་པ་དེར་རྒྱུན་ལས་བསྡོམས་པའི་ཁྱོན་བོད་ཕྱི་ནང་གཉིས་ཀྱི་ནང་ཚོགས་མི་ ༧༠༠ ལྷག་འདུག

འབྲེལ་ཡོད་གསར་གནས།

གསར་གནས།