Tibetan Royal Year of 2151 | Year of the Wood Dragon

ཉིན་གྲངས་བཞིའི་རིང་སེམས་དང་སྲོག་གི་ཚན་རིག་གི་བགྲོ་གླེང་མཇུག་སྒྲིལ་ལེགས་གྲུབ།

Tibetan News Headlines

  • ཆེས་མཐོའི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཟགས་སོང་།
  • བཅའ་ཁྲིམས་ནང་བོད་ཀྱི་རྒྱལ་དར་ལ་གུས་བརྩི་དགོས་པ་དང་གང་བྱུང་བེད་སྤྱོད་གཏང་མི་ཆོག་པ་འཁོད་དགོས་པའི་ཞུ་སྐུལ།
  • བོད་མིའི་ཆབ་སྲིད་བརྩོན་པ་གྲྭ་ཆོས་དབྱིངས་མཁས་གྲུབ་ལགས་འཕྲལ་མར་གློད་བཀྲོལ་དགོས་པ་གསུངས་འདུག
  • བསོད་ནམས་དབང་ཕྱུག་ལགས་ཀྱི་ཉིན་གྲངས་ ༢༡ གི་ཟས་བཅད་ལས་འགུལ་རེ་ཞིག་མཇུག་སྒྲིལ།
  • གློག་བརྙན་ནང་རིག་གནས་གསར་རྗེས་སྐོར་བསྟན་པར་རྒྱ་ནག་རྒྱལ་གཅེས་པ་རྣམས་ཀྱིས་སྐྱོན་བརྗོད།
  • ཨ་རིའི་གཞུང་གིས་རྒྱ་རིགས་བདུན་ལ་ལོ་བཅུ་བཞིའི་རིང་དྲ་ལམ་གཏོར་རྒོལ་གྱི་ལས་འགུལ་སྤེལ་བའི་ཉེས་འཛུགས།

Wednesday 27/03/2024

  • Charter amendment concerning appoinment of Justice Commissioners fails to obtain a majority
  • Petitioner urges MPs to propose bill to safeguard dignity of Tibetan national flag
  • US Amb. for religious freedom urges China to release prisoner of conscience Choeying Khedrub
  • Sonam Wangchuk ends 21-day fast, pledges to continue fight for Ladakh’s rights
  • Netflix’s ‘3 Body Problem’ showing ‘brutal Cultural Revolution’ draws fire in China
  • US indicts 7 Chinese nationals for cyber espionage

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་ཐོག་ཟླ་བ་འདིའི་ ཕྱི་ཚེས་ ༡༤ ནས་དེ་རིང་ཕྱི་ཚེས་ ༡༧ བཅས་ཉིན་གྲངས་བཞིའི་རིང་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་དུ་ནང་པའི་མཁས་པ་དང་ཚན་རིག་པའི་དབར་བགྲོ་གླེང་གི་ལྷན་ཚོགས་ཚོགས་གནང་ཡོད་པ་ལྟར། དེ་རིང་ཟླ་ ༡༢ ཕྱི་ཚེས་ ༡༧ ཉིན་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་ངང་མཇུག་སྒྲིལ་གནང་འདུགnims     གཞི་རྩའི་སེམས་དང་སྲོག་གི་བགྲོ་གླེང་དེ་གདན་ས་ཁག་ཏུ་ཚོགས་པ་ཐེངས་གཉིས་པ་དེ་ཡིན་པ་དང། སྤྱིར་བཏང་བགྲོ་གླེང་དེ་ ཐེངས་སུམ་ཅུ་ཙམ་ཚོགས་ཡོད་པ་རེད།  ད་ལན་གྱི་ཉིན་བཞིའི་ཚོགས་འདུའི་ཐོག་༸གོང་ས་མཆོག་དབུ་བཞུགས་མཛད་པ་དང་ལྷན་ཚོགས་སུ་ནུབ་ཕྱོགས་པའི་ཚན་རིག་པ་དང་ལྟ་གྲུབ་མཁས་དབང་།  Susan Bauera-wu ལགས་དང། Matthieu Ricard ལགས་དང། Jay Garfield ལགས་གཙོས་པའི་  Pawan Sinha ལགས་དང། John Dunne ལགས་དང་ Catherine Kerrz ལགས་སོགས་ཆེད་ཕེབས་གནང་ཡོད་པ་དང།  བོད་བརྒྱུད་ནང་བསྟན་གྱི་མཁས་པའི་ཁོངས་སུ་དགེ་བཤེས་ཡེ་ཤེས་ཐབས་མཁས་ལགས་དང། དགེ་བཤེས་ལྷག་རྡོ་ལགས། དགེ་བཤེས་བློ་བཟང་བསྟན་འཛིན་ལགས། དགེ་བཤེས་དགྲ་འདུལ་རྣམ་རྒྱལ་ལགས་སོགས་ཆེད་ཕེབས་ཀྱིས་ལྷན་བཞུགས་གནང་ཡོད་པ་རེད།   ཉིན་བཞི་པོ་དེའི་རིང་ལ་མཁས་པ་རྣམས་ནས་གཙོ་བོ་མངོན་སུམ་དང་རྟོག་པ། དེ་བཞིན་བདག་འདོད་ཚུལ་སྐོར་ལ་ཕྱི་ནང་གི་བཞེད་ཚུལ་ཐད་ལ་བགྲོ་གླེང་བཀའ་བསྡུར་གནང་ཡོད་པ་རེད།   རྩ་བའི་སང་ཉིན་༸གོང་ས་མཆོག་བཀྲིས་ལྷུན་པར་ཆིབས་བསྒྱུར་མཛད་ནས་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་ཟིན་པའི་དབུ་འབྱེད་རབ་གནས་མཛད་རྒྱུའི་མཛད་འཆར་ཡོད་པ་རེད།

 

འབྲེལ་ཡོད་གསར་གནས།

གསར་གནས།