Tibetan Royal Year of 2151 | Year of the Wood Dragon

གེཔ་ཚོང་ལས་ཁང་གིས་རྒྱ་ནག་ལ་དགོངས་སེལ་ཞུས་པ།

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

Wednesday 24/04/2024

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

ཁ་སང་ཕྱི་ཟླ་ ༥ ཚེས་ ༡༤ ཉིན་global times དང་ Hindustan Times Business insider བཅས་ཀྱིས་གནས་ཚུལ་སྤེལ་བར་ཨ་རིར་རྟེན་གཞི་བྱས་པའི་ Gap ཚོང་ལས་ཁང་ནས་ཉེ་ལམ་ཚོང་འགྲེམས་བྱ་རྒྱུའི་སྟོད་ཐུང་ཞིག་གི་ཐོག་བོད་དང་ཐེ་ཝན་མ་ཚུད་པའི་རྒྱ་ནག་གི་ས་ཁྲའི་པར་རིས་བཀོད་པར་རྒྱ་ནག་མི་མང་གིས་སྐྱོན་བརྗོད་བྱས་པ་ལྟར་ཚོང་ལས་ཁང་དེའི་ངོས་ནས་རྒྱ་ནག་ལ་དགོངས་སེལ་ཞུས་འདུག

ཨ་རིའི་གེཔ་ཚོང་ལས་ཁང་གིས་བོད་ལྷོ་ཕྱོགས་སུ་ཡོད་པའི་ས་ཁུལ་དང་། ཐེ་ཝན།  ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་བཅས་མེད་པའི་རྒྱ་ནག་གི་ས་ཁྲའི་པར་རིས་ཡོད་པའི་སྟོད་ཐུང་ཞིག་ཚོང་འགྲེམས་བྱས་པའི་གནས་ཚུལ་དེ་རྒྱ་ནག་གི་སྤྱི་ཚོགས་དྲྭ་གནས་ Weibo ཐོག་ཁྱབ་སྤེལ་ཆེན་པོ་བྱུང་བར་བརྟེན། དྲྭ་གནས་བཀོལ་སྤྱོད་བྱེད་མཁན་རྒྱ་རིགས་མང་དག་ཞིག་ནས་ངོ་རྒོལ་དང་འབྲེལ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་ལེན་མ་བྱེད་པར་སྐྱོན་བརྗོད་དང་། ཚོང་ལས་ཁང་དེ་ཉིད་ཀྱིས་ནོར་འཁྲུལ་བཟོས་པར་འགྲིག་ཐབས་ཀྱི་གྲོས་མོལ་བྱ་རྒྱུ་མེད་པ་མ་ཟད། རྒྱ་ནག་ནང་ཚོང་ལས་ཁང་དེའི་ཚོང་ཟོག་རྣམས་འཕྲལ་མར་བཀག་སྡོམ་བྱ་དགོས་པ་དང་། ལྷག་དོན་རྒྱ་ནག་རང་ནས་ཚོང་ལས་ཁང་དེ་ཕྱིར་ཕུད་བྱ་དགོས་པ་སོགས་ཀྱི་སྐྱོན་བརྗོད་མང་དག་བྱས་འདུག

ཁ་སང་རེས་གཟའ་ཟླ་བའི་ཉིན་ Gap ཚོང་ལས་ཁང་ནས་ Global times དང་ Weibo དྲྭ་གནས་བརྒྱུད་ཚོང་ལས་ཁང་དེས་བོད་དང་ཐེ་ཝན་མ་ཚུད་པའི་རྒྱ་ནག་གི་ས་ཁྲ་བཀོད་པའི་སྟོད་ཐུང་ཚོང་འགྲེམས་བྱས་པར་དགོངས་སེལ་ཞུས་པ་དང་སྦྲགས། རྒྱ་ནག་གི་མངའ་ཁོངས་ལ་གུས་བརྩི་ཡོད་པ་དང་གང་མགྱོགས་ཞིབ་འཇུག་གནང་སྟེ་ནོར་བཅོས་བྱ་ངེས་ཡིན་ཞེས་དང་། མ་འོངས་པར་ནོར་འཁྲུལ་དེ་ལྟ་བུ་མི་ཡོང་བའི་བསྒྲགས་གཏམ་ཞིག་སྤེལ་འདུག

རྩ་བའི་རྒྱ་གཞུང་གིས་འདི་ལོའི་ནང་སྙན་གྲགས་ཆེ་བའི་འཇར་མ་ནིའི་སྣུམ་འཁོར་བཟོ་ལས་ཁང་ MercedesBenz ཚོང་གཉེར་ཁང་གིས་རང་ཉིད་ཀྱི་ Instagram དྲྭ་གནས་ཐོག་བཟོ་ལས་ཁང་དེའི་རླངས་འཁོར་དཀར་པོ་ཞིག་ཁྱབ་བསྒྲགས་གནང་བའི་སྟེང་གནས་སྟངས་ཇི་ལྟར་ཡིན་རུང་ཕྱོགས་ཡོངས་ནས་བལྟ་ཚེ་རང་ཉིད་མཐོང་རྒྱ་ཆེ་བ་ཡོང་གི་རེད་ཅེས་པའི་༸གོང་ས་མཆོག་གི་གསུང་ལུང་འདྲེན་གནང་བར་བརྟེན། རྒྱ་གཞུང་ནས་ཁ་བྲལ་བར་ངོས་འཛིན་བཞིན་པའི་ཏཱ་ལའི་བླ་མའི་གསུང་ལུང་འདྲེན་བྱས་ནས་རྒྱ་ནག་མང་ཚོགས་ཀྱི་སེམས་ཚོར་ལ་དོ་ཕོག་བཏང་ཡོད་སྐོར་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད་སྟབས། བཟོ་ལས་ཁང་དེས་རྒྱ་གཞུང་ལ་དགོངས་སེལ་ཞུ་དགོས་བྱུང་ཡོད་པ་མ་ཟད། ཕྱི་ཟླ་དང་པོའི་ནང་ཛ་ར་གྱོན་ཆས་ཚོང་ལས་ཁང་དང་ Delta མཁའ་ལམ་འགྲུལ་བསྐྱོད་ཁང་ནས་ཀྱང་རང་ཉིད་ཀྱི་དྲྭ་གནས་ཐོག་བོད་དང་ཐེ་ཝན་གཉིས་རྒྱལ་ཁབ་ཁག་གི་ཐོ་གཞུང་དུ་བཀོད་པར་ཉེས་འཛུགས་ཀྱིས་རྒྱ་གཞུང་ལ་དགོངས་སེལ་ཞུ་དགོས་བྱུང་ཡོད་པ་རེད།

དེ་བཞིན་སྔ་ལོའི་ནང་༸གོང་ས་མཆོག་གི་༸སྐུའི་གྱ་སྟོན་སྐབས་མགོན་པོ་༸གང་ཉིད་ལ་འཁྲུངས་སྐར་གྱི་འཚམས་འདྲི་ཞུས་པའི་གནད་དོན་དང་འབྲེལ་རྒྱ་ནག་སྐམ་ས་ཆེན་མོའི་དྲྭ་རྒྱ་ཁག་ཏུ་ Red Iphone ཀུ་ཤུ་རྟགས་ཅན་ཁ་པར་ཐོན་གསར་པ་ཞིག་བཀག་སྡོམ་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

 

འབྲེལ་ཡོད་གསར་གནས།

གསར་གནས།