Tibetan Royal Year of 2151 | Year of the Wood Dragon

གཞུང་ཞབས་ཟུར་པ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་དགོངས་པ་རྫོགས་འདུག

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

བོད་དང་བཙན་བྱོལ་ནང་དུ་བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་སོགས་གནང་མྱོང་མཁན་སྐུ་ཞབས་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ཁ་ཉིན་རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྙུན་གཞི་རྐྱེན་གྱིས་དགུང་ལོ་ ༨༨ ཐོག་དགོངས་པ་རྫོགས་འདུག

ངོ་དེབ་སོགས་སྤྱི་ཚོགས་འབྲེལ་མཐུད་ཀྱི་བརྒྱུད་ལམ་ཐོག་དམ་པ་དེ་ཉིད་ཀྱིས་ད་བར་བོད་གཞུང་དམངས་ལ་སྨན་པའི་མཛད་རྗེས་ཁག་ཅིག་རྗེས་དྲན་ཞུས་ནས་མྱ་ངན་གུས་འདུད་ཀྱི་ཐུགས་གསོའི་ཡིག་ཆུང་སྤེལ་དང་སྤེལ་མུས་རེད་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་ཚོགས་པས་དམ་པ་དེ་ཉིད་ཀྱི་ཆེད་དུ་མྱ་ངན་རྗེས་དྲན་དང་སྦྲགས། ཆེས་མཐའ་མཇུག་གི་ཕྱག་བྲིས་ཞེས་པའི་ཐུགས་གསོ་ཞིག་ཏུ་དམ་པ་དེ་ཉིད་ཀྱི་མི་ཚེའི་ལོ་རྒྱུས་སྙིང་བསྡུས་བཀོད་དེ་ཁོང་ང་ཚོ་དང་དུས་གཏན་དུ་ཞལ་བྲེལ་ཡང་། ཁོང་གིས་བོད་མི་རིགས་ཀྱི་ཆེད་བཞག་པའི་མཛད་རྗེས་དང་མི་རབས་གོང་མ་རྣམས་ཀྱི་ལྷག་བསམ་དག་པའི་སྙིང་སྟོབས་ནི་རི་བོ་ཧི་མཱ་ལ་ཡའི་རི་སྟེང་དུ་སྐྱེེས་པའི་ལྷ་ཤིག་གི་ཤུག་པ་དང་འདྲ་བར་དུས་གཏན་དུ་ང་ཚོའི་སེམས་ཁོངས་སུ་གནས་ངེས་རེད་ཅེས་གསུངས་འདུག

རྩ་བའི་སྐུ་ཞབས་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་དམ་པ་དེ་ཉིད་ཕྱི་ལོ་ ༡༩༢༩ ལོར་བོད་ལྷོ་ཁ་རྩེད་ཐང་དུ་འཁྲུངས་འདུག་པ་དང། ཆུང་དུས་འབྲས་སྤུངས་དང་རྩེ་སློབ་གྲྭ་ཐོན་རྗེས་དགུང་ལོ་ ༡༨ ཙམ་ནས་གཞུང་ཞབས་སུ་ཞུགས་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྩེ་ཡིག་ཚང་གི་ལས་བྱེད་གནང་འདུག ཕྱི་ལོ་ ༡༩༥༢ ནས་ལོ་ ༧ རིང་པེ་ཅིང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བསྐྱོད་རྗེས་ཁོང་གིས་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་ལྷན་ཚོགས་ཀྱི་དམིགས་བསལ་ལས་འཕར་གྱི་ཐུགས་འགན་བཞེས་པ་དང་། རྒྱ་གར་དུ་འབྱོར་རྗེས་བཀའ་ཤག་གིས་ཕྱི་སྲིད་དྲུང་ཆེར་བསྐོ་གཞག་གནང་དོན་ལྟར་ལོ་མང་རིང་དྲུང་ཆེའི་ཐུགས་འགན་བཞེས་འདུག་པ་དང་། ཕྱི་ལོ་ ༡༩༦༡ ནས་ལོ་གཉིས་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ཐོག་མ་དེ་གནང་པ་དང་ཆབས་ཅིག མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་ཁོངས་སུ་ཕྱག་ལས་རྒྱ་ཆེ་གནང་འདུག ཁོང་གིས་བགྲེས་ཡོལ་དུ་ཕེབས་རྗེས་༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་སྒོས་སུ་༸རྒྱལ་མཆོག་༸སྐུ་ཕྲེང་བཅུ་བཞི་ཆེན་པོ་མཆོག་གི་མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ་སོགས་ཀྱི་ཕྱག་དེབ་རྩོམ་སྒྲིག་ཡང་གནང་ཡོད་པ་མ་ཟད། ཁོང་གིས་བོད་ཡིག་གི་ལྕགས་པར་ཐོག་མར་གསར་གཏོད་གནང་མཁན་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད།

ཕྱི་ལོ་ ༡༩༧༠ ནས་ ༡༩༨༠ བར་ལ་དམ་པ་དེ་ཉིད་ནས་ཉི་ཧོང་དང་ཨ་རི་སོགས་སུ་ཕེབས་ནས་ Michigan གཙུག་ལག་སློབ་གཉེར་ཁང་སོགས་སུ་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་ཀྱི་དགེ་རྒན་གྱི་ཕྱག་ལས་གནང་ཏེ་བོད་ཀྱི་བརྡ་སྤྲོད་སོགས་རིག་གནས་གཞན་ཐོག་ལ་དཔྱད་རྩོམ་དང་གསུང་བཤད་སྣ་མང་སྤེལ་མྱོང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།