Tibetan Royal Year of 2151 | Year of the Wood Dragon

ཀརྨ་པ་རིན་པོ་ཆེ་མཆོག་དབྱིན་ཡུལ་དུ་ཆེས་ཐོག་མའི་ཆིབས་བསྒྱུར་བསྐྱངས་པ།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཡུ་རོབ་ཀྱི་རྒྱལ་ཁབ་དབྱིན་ཡུལ་ནང་དུ་ཆོས་འབྲེལ་གྱི་མཛད་འཆར་སླད་ཆེས་ཐོག་མའི་ཆིབས་བསྒྱུར་བསྐྱངས་འདུག་པ་དང་།  ཁ་སང་ཚེས་ ༡༧ ཉིན་ཀརྨ་པ་རིན་པོ་ཆེ་མཆོག་ཁུལ་དེར་༸ཞབས་སོར་བདེ་བར་འཁོད་བསྟུན། ཀརྨ་པ་རིན་པོ་ཆེའི་བླ་བྲང་གི་དྲ་གནས་ཐོག་ཡོངས་ཁྱབ་བརྙན་ཐུང་ཞིག་བརྒྱུད། རིན་པོ་ཆེ་མཆོག་ནས་དེ་སྔ་དབྱིན་ཡུལ་དང་༸རྒྱལ་དབང་ཀརྨ་པ་སྐུ་གོང་མའི་དབར་ལ་ཆོས་ཕྱོགས་ཀྱི་འབྲེལ་ལམ་བཟང་པོ་ཞིག་བྱུང་ཡོད་པ་དང་། འབྲེལ་བ་དེ་རྒྱུན་གནས་ཐུབ་ཐབས་སུ་རིན་པོ་ཆེ་མཆོག་ནས་དེ་སྔ་ནས་དབྱིན་ཡུལ་ནང་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐད་ལ་འབད་བརྩོན་གནང་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་རེས་རིན་པོ་ཆེ་མཆོག་དངོས་སུ་ཡུལ་དེར་བདེ་འབྱོར་བྱུང་བར་ཐུགས་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་དང་། རིམ་བཞིན་ཕྱོགས་གཉིས་དབར་ལ་སེམས་ཐག་ཉེ་རུ་དང་འབྲེལ་ལམ་ཇེ་བཟང་དུ་འགྲོ་ངེས་ཡིན་པ་བཀའ་བསྩལ་འདུག

གཞི་རྩའི་ཐེངས་འདིའི་ཆིབས་སྒྱུར་དེ་ནི་ཀརྨ་པ་རིན་པོ་ཆེ་མཆོག་ནས་ད་བར་ཡུ་རོབ་ཁུལ་དུ་ཆིབས་བསྒྱུར་མཛད་པ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད།

མཛད་འཆར་ལྟར་ན། དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་གནངས་ཕྱི་ཚེས་ ༢༠ ནས་ ༢༡ བར་ཁུལ་དེའི་ས་གནས་ཀྱི་དད་ལྡན་མང་ཚོགས་ལ་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་དང་། སྤྱན་རས་གཟིགས་ཀྱི་རྗེ་སྣང་བཀའ་དྲིན་བསྩལ་གནང་གི་ཡོད་པ་མ་ཟད། དེ་རྗེས་ཚེས་ ༢༧ ཉིན་དབྱིན་ཡུལ་གྱི་ལྷོ་ཕྱོགས་སུ་ཆགས་པའི་ Surrey གྲོང་ཁྱེར་ནང་དུ་དད་ལྡན་མང་ཚོགས་རྣམས་ལ་ཚེ་དཔག་མེད་ཀྱི་བཀའ་དབང་བཀའ་དྲིན་བསྩལ་གྱི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།