ཁ་སང་ཟླ་ ༤ ཚེས་ ༡༢ ཉིན་བཞུགས་སྒར་གྱི་ཉེ་འདབས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཟབ་ཁྲིད་ཉིན་དང་པོའི་སྔོན་འགྲོ་གསུང་ཆོས་སྐབས། བར་ལམ་ཕྱི་ནང་གི་རྐྱེན་རྣམ་མང་དབང་གིས་༸གོང་ས་མཆོག་ཐུགས་ཕམ་བྱུང་བ་ནི་བོད་སྤྱིའི་བསོད་ནམས་ཉམས་པའི་རྒྱུ་ཡིན་སྟབས། བོད་རིགས་ནང་ཁུལ་དམ་ཚིག་གོང་བུ་གཅིག་སྒྲིལ་དང་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་གཏོང་དགོས་གལ་ཆེ་བའི་བཀའ་སྩལ་གནང་འདུག
བརྙན་པར།