Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ཧྥལོ་རེན་སི་གྲོང་ཁྱེར་དུ་ཚོགས་པའི་ཆོས་ལུགས་མཐུན་འབྲེལ་གྱི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་པ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཕྱི་ཟླ་དགུ་པའི་བར་བཞུགས་སྒར་དུ་ཆོས་འབྲེལ་ཁག་དྲུག་ཙམ་སྩལ་གཏན་ཁེལ་བ།
  • ༸གོང་ས་མཆོག་ལ་དྭགས་ཀར་གྱིལ་རྫོང་ནང་ཆིབས་བསྒྱུར་ཡོང་བའི་གདན་ཞུ་གསོལ་འདེབས།
  • དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་ངོ་སྤྲོད།
  • རྒྱལ་ཁབ་ཀྱི་གཏན་འབེབས་སློབ་གསོའི་ཁ་ཕྱོགས་ལྟར་སློབ་གསོ་གཏོང་གི་མེད་པའི་ཉེས་མིང་འོག་དགེ་རྒན་ཞིག་གནས་དབྱུང་།
  • བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དཔེ་དེབ་དབུ་འབྱེད།
  • Arthur Brooks ལགས་ཀྱིས་ཉེ་ཆར་༸གོང་ས་མཆོག་དང་མཇལ་མོལ་ཁྲོད་ཚོགས་བཅར་བ་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་གསུངས་འདུག
  • རྒྱ་གཞུང་ནི་ཕྱི་མིར་སྡང་འཛིན་ཤུགས་ཆེ་བྱེད་མཁན་ཞིག་ཡིན་པ་གསུངས་འདུག

Thursday 18/04/2024

  • Office of His Holiness the Dalai Lama announces teaching schedule of the Tibetan spiritual leader
  • Representatives from Kargil’s Buddhist community visit Dalai Lama and extend an invitation to visit Kargil
  • Introduction to teaching on ‘100 Deities of Tushita Heaven’ (Gaden Lhagyama)
  • China expels teacher for advocating the use of Tibetan language among students
  • CTA releases a collection of Tibetan essays on Gaden Phodrang
  • ‘Ambassador of Love’: Arthur Brooks recounts Harvard delegation to meet with Dalai Lama
  • Biden Calls China ‘Xenophobic’ as US, China Defense Chiefs hold first talks in nearly 18 months

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁང་སང་ཉིན་རྒྱབ་ཡོ་རོབ་ཨི་ཊ་ལིའི་ Palermo གྲོང་ཁྱེར་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཡུལ་དེའི་ Tuscany མངའ་ཁུལ་གྱི་ Florence གྲོང་ཁྱེར་ཕྱོགས་སུ་ཆིབས་ཐོན་མཛད་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ཁུལ་དེའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་གྲོང་ཁྱེར་དེའི་གནད་ཡོད་མི་སྣ་དང་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་སོགས་ཀྱིས་དགའ་དད་སྤྲོ་གསུམ་འཁོལ་ཐོག་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
དེ་རིང་མགོན་པོ་༸གང་ཉིད་མཆོག་ནས་ Florence གྲོང་ཁྱེར་ནང་གི་མཛད་འཆར་ཐོག་མ་དང་འབྲེལ་ཁུལ་དེར་རྟེན་གཞི་བྱས་པའི་ Mandela Forum ཞེས་པའི་ཚོགས་ཁང་དུ་གོ་སྒྲིག་ཞུས་པའི་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་ཡོད་པ་དང་། སྐབས་དེར་ལྷན་ཚོགས་ཀྱི་ཐོག་མ་དེར་ Florence གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ Dario Nardella ལགས་ནས་མགོན་པོ་༸གང་ཉིད་མཆོག་ལ་ཆེ་བསྟོད་ཀྱི་ Seal of Peace ཞེས་པའི་གསེར་གྱི་གཟེངས་རྟགས་ཤིག་ཕུལ་ཡོད་པ་རེད།
༸གོང་ས་མཆོག་ནས་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་དང་འབྲེལ་འགྲོ་བ་སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔག་མི་འདོད་པ་གཅིག་མཚུངས་ཡིན་སྟབས། འགྲོ་བ་མི་རྣམས་ནས་རྒྱལ་ཁབ་དང་ལུང་ཚན། དེ་བཞིན་ཆོས་ལུགས་དང་རིགས་རུས་སོགས་རིམ་པ་གཉིས་པའི་དབྱེ་བ་རྣམས་དོར་ནས་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་མཐོར་གཏོང་དགོས་གལ་ཡིན་པར་བཀའ་བསྩལ་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་ཐོག་ཡོད་པའི་ཆོས་ལུགས་སོ་སོར་ཉམས་ལེན་གནང་སྟངས་སོགས་མི་འདྲ་བ་ཡོད་ཀྱང་། གཞི་རྩའི་བསླབ་བྱ་གཙོ་བོ་ནི་བྱམས་བརྩེ་དང་བཟོད་བསྲན་སོགས་ཀྱི་བསམ་པ་གོང་མཐོར་བཏོང་རྒྱུ་གཅིག་མཚུངས་ཡིན་པ་མ་ཟད། ལྷག་པར་དུ་ཆོས་ཁས་མི་ལེན་མཁན་གྱི་འགྲོ་བ་མི་ཐེར་འབུམ་གཅིག་ལྷག་ཡོད་སྟབས་། ཚང་མས་འགྲོ་བ་མི་གཅིག་འགྱུར་གྱི་བསམ་པ་དང་ཆོས་ལུགས་ཕན་མཚུན་དབར་ལ་མཐུན་འབྲེལ། དེ་བཞིན་གྲོགས་ཕོ་མོའི་འདུ་ཤེས་གོང་མཐོར་གཏོང་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་མཛད་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ལུགས་མཐུན་འབྲེལ་གྱི་ལྷན་ཚོགས་དེ་གྲུབ་མ་ཐག ཨི་ཊ་ལིའི་ས་གནས་འདྲ་མིན་ནས་ཆེད་བཅར་ཞུས་པའི་བོད་རིགས་རྣམས་ལ་དམིགས་བསལ་མཇལ་ཁ་དང་ནང་པའི་ཐུན་མོང་མ་ཡིན་པའི་ལྟ་གྲུབ་དང་ཚད་མའི་གཞུང་ལ་སློབ་གཉེར་གནང་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་བཀའ་བསྩལ་འདུག
གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཉིན་རྒྱབ་ཏུ་ས་གནས་མང་ཚོགས་རྣམས་ལ་ཤེས་ཡོན་གྱི་ཐོག་ནས་ཞི་བདེ་ཞེས་པའི་བརྗོད་གཞིའི་ཐོག་ལ་བཀའ་སློབ་བཀའ་དྲིན་སྩལ་བའི་བརྒྱུད། ཐེངས་འདིའི་ Florence གྲོང་ཁྱེར་ནང་གི་མཛད་འཕྲིན་ཁག་མཇུག་སྒྲིལ་མཛད་ནས་ཁུལ་དེའི་ Pisa གྲོང་ཁྱེར་ཕྱོགས་སུ་ཆིབས་ཐོན་མཛད་ཀྱི་ཡོད་པ་དང་། སང་ཉིན་མགོན་པོ་༸གང་ཉིད་མཆོག་ནས་ Pisa གཙུག་ལག་སློབ་གཉེར་ཁང་དང་བླ་མ་ཙོང་ཁ་པ་ཆོས་ཚོགས་གཉིས་ཀྱིས་གོ་སྒྲིག་ཞུས་པའི་ནང་པ་དང་ཚན་རིག་པའི་ལྟ་གྲུབ་ཀྱི་ཚོགས་འདུར་དབུ་བཞུགས་མཛད་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།