Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་འཇིག་རྟེན་ཀུན་ཁྱབ་འགན་འཁུར་དང་བཟང་སྤྱོད་ཐོག་བཀའ་སློབ་བསྩལ་བ།

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༡༡ ཚེས་ ༡༨ ཉིན་སྔ་དྲོ་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Salwan སློབ་གྲྭས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། སློབ་གྲྭའི་དགེ་ལས་སློབ་གཉེར་དང་ཕ་མ་སྟོང་ཕྲག་ཁ་ཤས་ལ་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁུར་དང་བཟང་སྤྱོད་ཀྱི་རིན་ཐང་སྐོར་ལ་བླང་དོར་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད།
སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཁོང་ལྟ་བུ་ལོ་ན་བགྲེས་པ་ཚོ་དུས་རབས་ཉི་ཤུའི་མི་རབས་ཤིག་ཡིན་ཡང་ལོ་ན་ཆུང་བ་ཚོ་དང་མཉམ་དུ་བཀའ་མོལ་གནང་རྒྱུའི་གོ་སྐབས་བྱུང་སྟབས་ལོ་ཆུང་ཆུང་ཞིག་ཡིན་པའི་ཚོར་བ་ཡོང་གི་འདུག་ཅེས་བཀའ་སྩལ་གནང་བ་མ་ཟད། ༸གང་ཉིད་མཆོག་ནས་རྒྱུན་དུ་ལོ་ན་ཆུང་བའི་མི་རབས་ཚོ་དང་མཉམ་དུ་བཀའ་མོལ་གནང་རྒྱུ་བྱུང་བ་དེ་ནི་གོ་སྐབས་བཟང་པོར་དགོངས་བཞེས་མཛད་ཀྱི་ཡོད་པ་བཀའ་སྩལ་བ་དང་འབྲེལ། ང་ཚོ་དུས་རབས་ཉི་ཤུའི་མི་རབས་ཚོས་དཀའ་སྡུག་སྣ་ཚོགས་ཤིག་མྱངས་ཡོད་པ་དང་། དཀའ་ངལ་དེ་དག་ཕལ་ཆེ་བ་མིས་བཟོས་པའི་དཀའ་ངལ་ཞིག་ཡིན་པས་ད་ཆ་ཁྱེད་རང་ཚོ་དུས་རབས་ ༢༡ གི་མི་རབས་གཞོན་པ་ཚོས་གནས་སྟངས་དེར་འགྱུར་བ་ཞིག་གཏང་དགོས་པ་རེད། དེ་ཡང་སྨོན་ལམ་བརྒྱབ་པ་ཙམ་མིན་པར་དོན་དངོས་དང་མཐུན་པའི་ལས་ཀ་བྱེད་དགོས་གལ་ཡིན་པ་མ་ཟད། ཕུགས་རྒྱང་རིང་པོའི་བསམ་བློ་དོ་ནན་གཏང་དགོས་པ་སོགས་ཀྱི་ལམ་སྟོན་རྒྱ་ཆེ་བསྩལ་སོང་།
ལས་དོན་གང་ཞིག་བྱེད་སྐབས་འཛམ་གླིང་གི་མི་འབོར་དུང་ཕྱུར་བདུན་ཅུའི་བདེ་སྐྱིད་ཐོག་བསམ་བློ་རྒྱ་བསྐྱེད་ཀྱིས་གནང་དགོས་ཚེ་བློ་རྒྱ་དེ་རང་བཞིན་ཆེ་རུ་འགྲོ་ངེས་ཡིན་པ་དང་དོན་དངོས་ཀྱི་གནས་ལུགས་གང་ཡིན་ཇི་མ་ཇི་བཞིན་ཤེས་ཐུབ་པའི་དགེ་མཚན་ཡོད་པ་བཀའ་བསྩལ་ཡོད་པ་རེད།
ལྷག་དོན་དུ་མགོན་པོ་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོའི་བདེ་སྐྱིད་བསྐྲུན་ཐབས་ཙམ་ལས་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་ཐོག་ཞན་ཆ་ཆེན་པོ་ཡོད་པ་གསལ་པོ་ཡིན་སྟབས། ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་སུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་ཤིན་ཏུ་ནས་ཕྱུག་པོ་ཡིན་པར་ངོ་སྤྲོད་གནང་པ་དང་ཆབས་ཅིག རྒྱ་གར་གྱི་སློབ་ཕྲུག་ཚོས་སོ་སོའི་རྩ་ཆེའི་རིག་གཞུང་དེ་དག་ལ་དོ་སྣང་གནང་ཐོག་རང་ཉིད་ཙམ་མིན་པར་སྤྱི་ཚོགས་ཁྱོན་ལ་ཕན་ཐོགས་ཡོང་བར་འབད་བརྩོད་རྒྱ་གང་ཆེ་གནང་དགོས་གལ་ཡིན་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་བཀྲིན་ཆེ་བ་བསྩལ་བ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་ཀྱང་རྒྱ་གར་མི་མང་ཚོར་ཤིན་ཏུ་ནས་ཕྱུག་པའི་རིག་གཞུང་དེ་དག་བསྐྱར་གསོ་ཡོང་ཐབས་ཐོག་ཐུགས་འགན་གཙོ་བཞེས་མཛད་ཀྱི་ཡོད་པ་གསུངས་སོང་།
༸གོང་ས་མཆོག་ནས་བཀའ་སློབ་བསྩལ་གྲུབ་རྗེས་སློབ་གྲྭའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Harpal Singh མཆོག་ནས་༸གང་ཉིད་མཆོག་ལ་གསོལ་འདེབས་ཞུས་པ་ལྟར་སློབ་གྲྭར་དངོས་སུ་༸ཞབས་སོར་བཀྲིན་བསྐྱང་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ཁྱོན་ནས་ཞི་བདེའི་དེད་དཔོན་ཞིག་དང་། བྱམས་སྙིང་རྗེའི་བདག་ཉིད་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད་པ་སོགས་ཡི་རང་བསྔགས་བརྗོད་ཞུས་ཡོད་པ་རེད།
སློབ་ཕྲུག་ཞིག་ནས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན། ངས་འདས་པའི་ལོ་གསུམ་བཞི་ཙམ་ནས་༸གོང་ས་མཆོག་གིས་མཛད་པའི་ཕྱག་དེབ་ཁག་ཅིག་བཀླགས་ཡིན། ༸གང་ཉིད་ཀྱི་མཛད་འཕྲིན་ཁག་ལ་དོ་སྣང་ཆེན་པོ་ཞུས་དང་ཞུ་མུས་ཙམ་ལས་མགོན་པོ་མཆོག་དངོས་སུ་མཇལ་མྱོང་མེད། ཐེངས་འདིར་༸གོང་ས་མཆོག་གི་མཇལ་ཁ་ཐོབ་པ་དང་ངའི་ལག་པ་དང་སྐྲ། མགོ་རལ་བཅས་ལ་བྱིན་རླབས་ཐོབ་སོང་བས་ངའི་རྒྱུད་ལ་བརྗོད་དཀའ་བ་དང་བརྗེད་ཐབས་མེད་པའི་ཚོར་སྣང་ཞིག་བྱུང་སོང་། ལྷག་དོན་༸གོང་ས་མཆོག་གིས་ང་ཚོར་འཛམ་གླིང་དེའི་ནང་བྱུང་བའི་གནད་དོན་ཚང་མའི་ཐོག་འགན་འཁྲི་ཡོད་པ་དང་འཛམ་གླིང་འདི་གང་འདྲ་ཆགས་མིན་ང་ཚོ་གཞོན་སྐྱེས་ཚོའི་ལག་ཏུ་ཡོད་སྟབས་ང་ཚོར་ཡོད་པའི་ནུས་པ་དེ་རྟོགས་ནས་གོ་སྐབས་དམ་འཛིན་གནང་དགོས་གལ་ཡིན་པ་གསུངས་སོང་། ༸གོང་ས་མཆོག་གི་བཀའ་སློབ་དེ་དག་ངའི་སེམས་འཇུག་པོ་བྱུང་། སླད་མར་རང་ངོས་ནས་མ་འཆི་བར་དུ་དེའི་ཐོག་དོ་སྣང་གིས་འབད་བརྩོན་གང་ཐུབ་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།