དབྱིན་ཡུལ་བོད་མི་ཚོས་ཡུལ་དེའི་རྐང་སྤོལ་རྩེད་འགྲན་སྐབས་ Liverpool རུ་ཁག་ལ་ངོ་རྒོལ་བྱས་འདུག


vot.org
Facebooktwittergoogle_plusmail
དབྱིན་ཡུལ་བོད་མི་ཚོས་ཡུལ་དེའི་རྐང་སྤོལ་རྩེད་འགྲན་སྐབས་ Liverpool རུ་ཁག་ལ་ངོ་རྒོལ་བྱས་འདུག

དེ་རིང་ཕྱི་ཚེས་ ༡༢ ཉིན་ཨིན་ཡུལ་ནང་དུ་སྙན་སྒྲགས་ཆེ་བའི་ Liverpool རྐང་རྩེད་སྤོ་ལོའི་རུ་ཁག་དང་ Watford རུ་ཁག་གཉིས་དབར་རྩེ་འགྲན་གནང་སྐབས་ཡུལ་དེའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་བོད་ཀྱི་ཆུ་རྒྱུད་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པའི་རེ་འབོད་གནང་པ་དང་སྦྲགས་སྟེ་ Liverpool རུ་ཁག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་འདུག
ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༢༥ ཉིན་ཨིན་ཡུལ་གྱི་ Liverpool རྐང་རྩེད་སྤོ་ལོའི་རུ་ཁག་དང་རྒྱ་ནག་གི་ Tibet Water Resources Ltd. ཞེས་པའི་དྭངས་ཆུ་ཚོང་ལས་སྡེ་ཚན་གཉིས་དབར་ཚོང་འབྲེལ་བྱ་རྒྱུའི་གསལ་བསྒྲབགས་སྤེལ་ཡོད་པ་ལྟར། བོད་དོན་ལས་འགུལ་བ་རྣམས་ནས་དྲ་རྒྱ་དང་བརྒྱུད་ལམ་འདྲ་མིན་ཐོག་རྩེད་འགྲན་རུ་ཁག་དེར་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་བྱེད་རྒྱུ་མེད་པ་དང་། རྒྱ་ནག་གི་ཚོང་ལས་ཁང་དང་ཚོང་ལས་བྱེད་པ་ནི་བོད་ནང་གི་ཁོར་ཡུག་གཏོར་བཤིག་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏང་རྒྱུའི་ཐད་རྒྱ་ནག་དང་མཉམ་དུ་ལག་འབྲེལ་བྱེད་པ་ཞིག་ཡིན་པར་སྐྱོན་བརྗོད་གནང་བཞིན་པ་རེད།
དེའི་ཁྲོད་དེ་རིང་ཨིན་ཡུལ་རྒྱལ་ས་ London ཉེ་འགྲམ་དུ་ཡོད་པའི་ Watford ས་གནས་སུ་ཨིན་ཡུལ་ནང་སྙན་སྒྲགས་ཆེ་བའི་ English Premier League འམ་ཡུལ་དེའི་རྐང་རྩེད་སྤོ་ལོའི་རྩེ་འགྲན་ཁྲོད་ Watford རྩེད་འགྲན་རུ་ཁག་དང་ Liverpool རུ་ཁག་གཉིས་དབར་རྩེད་འགྲན་གནང་སྐབས་ཡུལ་དེའི་བོད་རིགས་ཚོགས་པ་དང་ Tibet Society ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག Tibet Waters ཞེས་པའི་དྭངས་ཆུ་འགོད་འགྲེམས་བྱེད་ཐོག་བོད་ཀྱི་ཆུ་རྒྱུད་ཁག་གི་གལ་གནད་དང་དེ་དག་རྒྱ་ནག་གི་སྦག་བཙོག་བཟོས་པ་དང་ཁོར་ཡུག་གཏོར་བཤིག་གཏོང་བཞིན་ཡོད་པ་མངོན་གསལ་གནང་སྟེ་གོ་རྟོགས་སྤེལ་བའི་བརྒྱུད། Liverpool རྩེད་འགྲན་རུ་ཁག་སརྒྱ་ནག་ཚོང་ལས་ཁང་དང་མཉམ་དུ་ཚོང་འབྲེལ་བྱེད་པར་ངོ་རྒོལ་མུ་མཐུད་བྱེད་བཞིན་འདུག
རྩ་བའི་ Tibet Water Resources Ltd. ཞེས་པའི་རྒྱ་ནག་གི་ཚོང་ལས་སྡེ་ཚན་དེ་རྒྱ་ནག་ནང་དུ་དྭངས་ཆུ་དང་སྦི་རག་ཚོང་འགྲེམས་བྱེད་མཁན་གྱི་ཚོང་ལས་ཁང་ཞིག་ཡིན་པ་དང། དེ་སྔ་སྡེ་ཚན་དེས་དྭངས་ཆུ་རྣམས་ 5100 Glacial Water ཞེས་པའི་མིང་བྱང་འོག་ཚོང་འགྲེམས་བྱས་ཡོད་པ་དང། ཕྱི་ལོ་ ༢༠༡༥ ལོར་ཚོང་ལས་ཁང་དེའི་མིང་བྱང་དེ་ Tibet Water Resources ལ་མིང་གྱུར་བྱས་པ་རེད།